| | e-texts navigator
|
2b1 མ་འགགས་པར་ཤར་བའི་ཚེ། སྟོན་པ་ཉིད་སྣང་བ་མེད་པའི་སྒྲས་བརྒྱན་པའི་ཀློང་ན་བཞུགས་ཏེ། དེའི་ཚེ་འཁོར་ནི་མི་སྣང་བའི་སྦྱང་བ་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།།
2b2 དེ་ནས་དེའི་ཚེ་ཡིད་རྟོག་པ་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་རིག་པའི་རྒྱལ་པོ་ཉིད། སངས་རྒྱས་རྣམས་ཀྱི་ལྟ་བའི་དོན་གང་ལགས། དགོངས་པའི་དོན་ཇི་ལྟ
2b3 ལེགས། ལུང་བསྟན་དུ་གསོལ། ཐབས་བསྟན་དུ་གསོལ།། ཞེས་ཞུ་བ་ཉིད་རབ་ཏུ་ཞུས་སོ།། དེ་ནས་ཡང་སྣང་བ་མེད་པའི་གླིང་ནས། སྟོན་པ་མེད་པའི་རིག་པས་བཀའ་སྩ
2b4 པ། ཀྱེ་མཀྱེ་མ་མེད་བཞིན་དུ། སྣང་བའི་འཁོར་རྣམས་རབ་ཏུ་ཉོན་ཅིག། ང་རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་བཅད་པའི་ཡུལ་མེད་དོ།། སྔར་འདས་པ་མེད་དོ།། ཕྱིས་འབྱུང་བ
2b5 མེད་དོ།། ད་ལྟར་སྣང་བ་གང་ཡང་མེད་དོ།། ལས་མེད་དོ།། བག་ཆགས་མེད་དོ།། མ་རིག་པ་མེད་དོ།། སེམས་མེད་དོ།། ཡིད་མེད་དོ།། ཤེས་རབ་མེད་དོ།། འཁོར་བ་མེད་དོ།། །
2b6 མྱ་ངན་ལས་འདས་པ་མེད་དེ།། རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ།། ཡེ་ཤེས་ཀྱི་སྣང་བ་གང་ཡང་མེད་དོ།། དེ་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ་།། ཀྱེ་མང་རང་བྱུང་གི
iiif viewer powered by OpenSeadragon
2a - 3a