| | e-texts navigator
|
13b1 གེའི་ཚོགས་གཉིས་ངས་མི་འདོད།། རང་རིག་དཔེ་མཚོན་དངོས་མེད་པས།། ཡི་གེའི་དཔེ་ཡིས་ང་མི་མཐོང་།། རིག་པའི་སྐུ་ལ་དྲི་མེད་པས།། ཡི་གེའི་དྲི་མསར་མི་བསྒྲིབ།།
13b2 རང་རིག་དགེ་དང་སྡིག་མེད་པས།། ཡི་གེའི་དགེ་སྡིག་གཉིས་ལས་འདས་པའོ།། ཨེ་མ་ཧོ།། ཡི་གེ་མེད་པའི་ཆོས་ཉིད་དག་པ་ལ།། ཡི་གེའི་རྒྱུ་རྩལ་གཉིས་སུ་བཏགས་པ།།
13b3 ཡོད་མ་ཡིན།། ཡི་གེའི་རྒྱུ་ནི་སྣ་ཚོགས་རབ་སྟོན་པས།། ཡི་གེ་ཉིད་ལ་དོན་མེད་ཡི་གེའི་དོན་གང་མེད།། ང་ཡི་རིག་པ་ཆོས་ལ་མ་བརྟེན་པས།། ཡི་གེའི་དོན་གྱིས་ང་ཡི་སྐུ་མི
13b4 མཐོང་།། ཐོག་མའི་རང་བྱུང་ཡེ་ཤེས་ཉིད།། རྒྱུ་རྐྱེན་གཉིས་ལ་མ་ལྟོས་པར།། ཡི་གེ་རྒྱུ་རྐྱེནང་མི་བསྲུབ།། ཡེ་ནས་སྐུ་གསུམ་རང་རྫོགས་པས།། ཡི་གེའི་ཚོགས་ལང་མེ
13b5 ལྟོས།། རྒྱུད་དང་ལུང་དང་མན་ངག་ཀྱང་།། ཡི་གེའི་ཚོགས་ལ་བརྟེན་པས་ན།། རྒྱུད་དང་ལུང་གིས་ང་ལ་བསྒྲིབ།། ཐོག་མའི་མགོན་པོ་དྲི་མེད་ཉིད།། འགྲན་ཟླ་མེད་པར
13b6 སངས་རྒྱས་པས།། ཡི་གེའི་དོན་ལང་མིག་ནས།། རང་བྱུང་རིག་པའི་རྒྱལ་པོ་ཉིད།། སློ་འདོགས་ཚིག་ལམ་བརྟེན་པས།། ཚིག་དང་ཡི་གེ་ང་ཡི་དུག། དང་པོ་བྱུངས་ཆེན་པོ
iiif viewer powered by OpenSeadragon
13a - 14a