| | e-texts navigator
|
12b1 བར་འགྱུར་ཏེ། ངན་བྱེད་པ་ཉིད་ལས་རབ་ཏུ་འདས་པའོ།། ཞེས་ཡི་གེ་མེད་པ་རྒྱ་གས་རབ་ཆེན་པོ་ལས། དོན་དམ་པ་སྣང་བའི་ལེའུ་སྐྱེ་བཞི་པའོ།། །
12b2 ནས་ཡང་ཡུལ་མེད་པའི་ཀློང་དག་པ་ལས། སྡུང་བའི་ཕུང་པོ་བསྣམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ཐབས་ཀྱི་རེག་པས། སྟོབས་ཀྱི་ཤེས་རབ་ལ་བཀའ་སྩལ་པ། མི་མཉམ
12b3 པའི་མཁའ་ཀློང་དག་པས་རབ་ཏུ་ཉན་ནོ།། ཀྱི་ཀྱེ། སྣང་བ་འདིའི་མཚོན་ཚུལ་ལ། ཡི་གེ་མེད་ཅིང་ཚིག་ཐམས་ཅད་ལས་འདས་པའོ།། བརྗོད་པ་ཐམས་ཅད་དང་གིས་མེད་པ
12b4 སྐྱེ། སྣ་ཚོགས་པའི་མཚོན་པ་དང་གིས་མེད་པ། ཡུལ་མེད་པ། སེམས་མེད་པ། ཡི་གེ་མེད་པ། ཡི་གེ་མེད་པའི་ཕྱིར། རྒྱུད་མེད་པ། ལུང་མེད་པ། མན་ངག་ཐམས་ཅད
12b5 མེད་པ། ཚིག་ཐམས་ཅད་དང་བྲལ་བའོ།། བརྗོད་པ་ཐམས་ཅད་ཀྱིས་སྟོང་པའོ།། སེ་མ་ཧོ།། ཆོས་སུ་སྡང་བའི་ཀ་མེད་པས།། ངལ་ཡི་གེ་ཡོད་མ་ཡིན།། ང་ལ་སྐྱེ་བ་ཉིད་མེད
12b6 པས།། ཡི་གེ་ཨ་ནི་ཡེ་ནས་མེད།། ང་ལ་འགག་པའི་གནས་མེད་པས།། ཡི་གེ་ཨཽ་ནི་ངང་གིས་མེད།། ང་ཡི་འདུ་འབྲལ་གཉིས་མེད་པས།། ཡི་གེ་ཧཱུཾ་ནི་ཤིན་ད།། སམི་སྣ
iiif viewer powered by OpenSeadragon
12a - 13a