| | e-texts navigator
|
50b1 བཟུང་བར་མ་ནུས་ཏེ།། འོན་ཀྱང་ཆོག་གིས་འདི་ལྟར་སྤྲད།། རང་གནས་ཅོག་བཞག་ཉིད་འཛིན་ཚད།། འབྱུང་བའི་ད་པ་མེ་གནོད་པས་བཟུང་།། དེ་བཞིན་ཐོག་བབ་ཏིང
50b2 འཛིན་ཚད།། འདོད་ཆགས་ལ་སོགས་ཉོན་མོངས་རྣམས།། རང་གི་རྒྱུད་ལ་གཏན་མི་སྐྱེ།། མི་དགེའི་བསམ་པ་སྐྱེ་མི་སྲིད།། འདིས་ནི་དེ་ཡི་ཆོད་རྣམས་བཟུང་།། རྒྱས
50b3 འདེབས་ཆེན་པོའི་ཏིང་འཛིན་ཚད།། རགས་པའི་སྣང་བ་འགགས་པས་བཟུང་།། ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན།། ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་།། མ
50b4 འོངས་པ་ཡི་སེམས་ཅན་གྱིས།། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ།། རང་གནས་ཅོག་བཞག་ཏིང་འཛིན་ནི།། དབང་པོའི་སྒོ་རྣམས་མི་དགག་ཅིང་།། ལུས་ཀྱི་སྤྱོད་པ
50b5 སྤྱད་མི་བྱ།། གཉིད་ཀྱང་སྤང་བར་མི་བྱ་སྟེ།། སེམས་ཀྱིས་གུད་དུ་བཅད་པ་མིན།། མདོར་ན་ལུས་ངག་རང་སོ་ལ།། ཡིད་འབྱུང་ཆ་རྣམས་ཕྱིར་མ་ཤོར།། དབང་པོའི
50b6 ཡུལ་རྣམས་དྲུག་ལ་ཡང་།། ཤེས་བཞིན་དཔྱོད་པའི་ཡིད་མ་འགྱུས།། རང་སྣང་མི་རྟོག་ཆེན་པོ་ལ།། གསལ་ལ་རྟོག་མེད་ཉམས་སྐྱེའོ།། ཐོག་བབ་ཆེན་པོའི་ཏིང
iiif viewer powered by OpenSeadragon
50a - 51a