| | e-texts navigator
|
19b1 ཀུན་ཏུ་བཟང་པོ་པ་ཉིད་ཀྱིས་བསྟན་པའོ།། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་རྩ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་། སྲོག
19b2 གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ལ། ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ།། ཀྱེ་གསུང་གི་རྡོ་རྗེ་རིག་པའི
19b3 ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས། ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་། ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག
19b4 གཉིས་ངོ་བོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ།། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས། དམྱལ་བ་ཚ
19b5 གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་། སངས་རྒྱས་རྣམས་ཀྱི་བདེ་བ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་ལ། རྟོགས་པའི་སྐྱེ་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར
19b6 ཀུན་ཏུ་བཟང་པོ་ངས་བསྟན་པའོ།། ཀྱེ་གསུང་གི་རྡོ་རྗེ་རིག་པ་ལ་འགྱུར་བ་མེད་པའི་གནད་ཀྱིས། ཡིད་ཆེས་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་། བདག་རྟག་པར་ལྟ་བ་གཉིས
iiif viewer powered by OpenSeadragon
19a - 20a