| | e-texts navigator
|
18b1 སྤྱོད་ཐོབ།། ཟད་མེད་འདི་ལ་གང་གནས་པ།། ནུབ་པ་མེད་པའི་གཏེར་ཆེན་རྙེད།། གཏེར་འདི་གང་གིས་རྙེད་པའི་མི།། ང་ཡི་ཡོན་ཏན་འདི་ལ་རྫོགས།། ཆོས་ཅན
18b2 མཚན་མ་སྣང་དུས་སུ།། ང་ཡི་ཡོན་ཏན་རང་སྣང་བས།། འདི་ལ་བྱུང་དང་དོར་མི་བྱ།། འགྲོ་བའི་སྡུག་བསྔལ་མྱོང་བའི་ཚེ།། ང་ཡི་བདེ་བ་རང་ཤར་ཡིན།། དེ་དུས་བདེ་སྡུག
18b3 དབྱེར་མེད་ནི།། ང་ཡི་ཡོན་ཏན་འདི་ལ་རྫོགས།། དམྱལ་བ་བྱོལ་སོང་ཡི་དྭགས་ཀྱི།། གཟུགས་སུ་ཡུལ་དུ་སྣང་བའི་ཚེ།། ང་ཡི་སྲུ་ལ་རོལ་པ་ཡིན།། འདི་ལ་ཡང་མེད་པའི
18b4 མི།། ང་ཡི་སྐུ་ལ་འདི་ཡིས་རིག། གཏི་མུག་ཞེ་སྡང་འདོད་ཆགས་ནི།། ཞེ་སྡང་དྲག་པོ་ནམ་སྐྱེས་ན།། ང་ཡི་རིག་པ་རྟོག་མེད་ཡིན།། འདི་ཉིད་རང་གིས་རང་གྲོལ་བས།།
18b5 ང་ཡི་དམིགས་པ་འདི་ཡིས་མཐོང་།། ཡིད་ཀྱི་དྲན་པ་ཕྱིར་སྦྲང་ཚེ།། ང་ཡི་ཤེས་རབ་རང་དག་ཡིན།། འདི་ལ་རྗེས་སུ་བཅོས་མེད་ན།། ང་ཡི་སྒྲ་རྣམས་འདི་ཡིས་ཐོས།།
18b6 བསམ་པའི་རྟོག་ཚོགས་འདུས་པའི་ཚེ།། ང་ཡི་ཏིང་འཛིན་མི་རྟོག་བཟང་།། འདི་ལ་ཞེན་པའི་བློ་མེད་ན།། ང་ཡི་དྲི་རྣམས་འདི་ཡིས་ཚོར།། རགས་པའི་གཟུགས་ཅང་། ཚིག་ལ
iiif viewer powered by OpenSeadragon
18a - 19a