e-texts navigator
Collection
Volume
Page
Wylie

60b1 ཆེན་དང་ཤེལ་གྱི་ཕྲུ་གུ་ཅན། དབང་པོ་ཡུལ་ལ་འཆར་བྱེད་ཀྱི་རྩ་དང་དཀར་སྣལ་མ་ལྟ་བུའི་དང་ནས་ཡེ་ཤེས་ཀྱི་རླུང་བསྐྱོད་ནས་འབྱུང་ངོ་། འགྱུ་བྱེད་རླུང་། རིག་པ། འཆར་བྱེད་སྒོ་བཞི་མིག་གཉིས་རྣ་བ་གཉིས
60b2 སྐྱེ་གཙུག་ཏུ་ཐེག་པ་སྟོང་པའི་སྒྲོན་མ་རྒྱང་ཞགས་ཆུའི་སྒྲོན་མརྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒོའོ།། མིག་སོགས་སོ།། ནམ་མཁའ་རྐྱེན་བྲལ་ཡུལ་གང་ལ་སྣང་ནནམ་མཁའ་སྤྲིན་དང་བྲལ་བ་དབྱིངས་རྣམ་པར་དག་པ་དང་།
60b3 རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུར་སྣང་བ། ཡུལ་དུ་འདུས། དེ་ཇི་ལྟར། ཉམས་བླངས་ཁྲེགས་ཆོད་ཐོད་རྒལ་ལོ། དགཉིས་ཉམས་སུ་བླངས་པའི།། ཚད་ནི་གདིང་བཞིའི་གང་ཡིན་ཞེ་ན། དམྱལ་བ་ཚ་གྲང
60b4 ལ་ཡང་ཡང་བབག་ཚ་བ་མེད་པ་དང་། འཁོར་བར་ལྷུང་གིས་དོགས་པ་དང་། མྱང་འདས་རེབ་མེད་པ་དང་། སངས་རྒྱས་ལ་ཁྲོད་པ་མེད་པ། རྣལ་འབྱོར་ཉིད།། བར་དོམ་ངེས་པར་དོ་ཇི་ལྟ་བུར་འཆར་ན། རིག
60b5 བཟུདང་ཆོས་ཉིད་པ་སྣང་བ། བུ་གཉིས་སྦྱོར་བས།། གྲོལས་ཉིད་ནི་ཐོག་མཏོག་ཞི་ག་དག་། ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་ལས། རྒྱུད་ཐམས་ཅད་བསྡོམས་ཏེ་བསྟན་པའི
60b6 ལེའུ་སྟེ་བརྒྱད་པའོ།། །། དེ་སྐད་ཅེས་སེམས་མེད་པའི་རིག་པས་བཀའ་སྩལ་བ་དང་། རིག་པ་རྡོ་རྗེ་རྣོན་པོ་ལ་སོགས་པ། རང་ག་བ་ས་འོང་དང་། རིགས་ལྔ་དེ་བཞིན་གཤེགས




iiif viewer powered by OpenSeadragon

60a - 61a

Texts on this page

Gaz003.004 - mu tig rin po che phreng ba'i rgyud