e-texts navigator
Collection
Volume
Page
Wylie

6a1 བ་དག་པའི་འབྲས་བུ་ཐོབ་པའོ།། རྒྱ་མཚོ་ཀློང་བ་རྡོལ་གྱི་དགོངས་པ་ཤར་པའི་དུས་ན་ཡང་། དབང་པོ་གསུམ་ལ་མཐོང་སྣང་མི་མཐུན་པ་གསུམ་འཆར
6a2 ཏེ། དེ་ཡང་དབང་པོ་རབ་ཀྱི་ལྟ་བ་ནི། ཡེ་ཤེས་ཆེན་པོའི་མཛད་པས། ཅི་སྣང་རང་གི་སྣང་བ་ཉིད་དུ་རྟོགས་སོ།། དགོངས་པ་ནི་སྣང་བ་ལ་ཆགས་ཞེ་ན་ཆུང་བ་ཆང་གིས་ར་རོ་བ་ལྟ་བུ
6a3 དགོངས་པ་དང་ལྡན་པའོ།། སྤྱོད་པ་ནི་འཁོར་བ་ཉིད་མྱ་ངན་ལས་འདས་པར་སྤྱོད་པའོ།། འབྲས་བུ་ནི་སྣང་བ་ལ་མི་གནས་པའི་ཡེ་ཤེས་ཚིག་ཆོད་དུ་སྐྱེ་བའི་འབྲས་བུ་ཐོབ་པའོ།། །
6a4 དབང་པོ་འབྲིང་གི་ལྟ་བ་ནི།། གསལ་བཟང་ཐལ་ཡེ་ཤེས་ཀྱི་སྐུར་རྟོགས་པའོ།། དགོངས་པ་ནི་དྲག་ལ་ཡུན་ཟུང་བ་འབབ་ཆུ་ལྟ་བུའི་དགོངས་པ་དང་ལྡན་པའོ།། སྨད་པ་ན་ཀུན
6a5 སྤྱོད་ཡུལ་མ་ཡིན་པའི་དགས་ལྟ་བུའི་སྤྱོད་པ་དང་ལྡན་པའོ།། འབྲས་བུ་ནི་སྟོང་པའི་ཡེ་ཤེས་ཀྱི་སྙིང་པོ་མཐར་ཕྱིན་པའི་འབྲས་བུ་ཐོབ་པའོ།། དབང་པོ་ཐ་མའི་ལྟ་བ་ནི། འཁྲུལ་པའི
6a6 སྣང་བ་ཁད་ཀྱིས་སངས་པར་འདོད་པའོ།། དགོངས་པ་ནི་ལྷ་དང་མིའི་སེམས་འཛིན་ལ་གནས་སོ།། སྤྱོད་པ་ནི་བཅོས་མ་གཉིས་འཛིན་གྱི་སྤྱོད་པ་དང་ལྡན་ནོ།། འབྲས་བུ་ནི




iiif viewer powered by OpenSeadragon

5b - 6b

Texts on this page

Gaz003.003 - seng ge rtsal rdzogs chen po'i rgyud