| | e-texts navigator
|
4a1 པསྨྱོན་པ་ལྟ་བུ་སྟེ། སྣང་བ་ལྔ་ཐོགས་དྲུག་མེད་པར་སྤྱོད་པའོ།། འབྲས་བྷ་ནི་མཚན་མཟིལ་གྱིས་གནོན་པ་དང་གནས་ཀྱི་དགོངས་པ་དང་ལྡན་པའོ།། དབང
4a2 པོ་ཐ་མའི་ལྟ་བ་ནི།། སྣང་བ་འདི་སྒྱུ་མའམ། སྨིག་རྒྱུའམ། སྤྲུལ་པ་ལྟ་བུར་རྟོག་པའོ།། དགོངས་པ་ནི་རང་གི་སྣང་བ་ངོ་སྤྲད་པས། བར་དོ་ལ་ཡེ་ཤེས་འཆར་བར་ཤེས་པ། སེང་ཕྲུག།
4a3 མངལ་རྒྱ་དང་བྲལ་བ་ལྟ་བུ་སྟེ། སྦུབས་ཀྱིས་ཡེ་ཤེས་བསྒྲིབས་པ་མཐོང་བའོ།། སྤྱོད་པ་ནི་འཁོར་འདས་གཉིས་འཛིན་གྱི་སྤྱོད་པ་དང་ལྡན་པའོ།། འབྲས་བུ་ནི་ལུས་བོར་ནས་རང
4a4 བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའི་འབྲས་བུ་འཐོབ་པའོ།། ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་སྐྱེས་པའི་དུས་ན་ཡང་གང་ཟག་རབ་འབྲིང་ཐ་མ་གསུམ་གྱི་ལྷ
4a5 སྟངས་གསུམ་དུ་འབྱུང་སྟེ། དབང་པོ་རབ་ཀྱིས་དབང་བསྐུར་བ་དེ་ཉིད་སྐྱེ་མེད་ཀྱི་འབྲས་བུ་དང་ཆས་སུ་བསྟན་པར་རྟོགས་སོ།། དགོངས་པ་ནི་སྦྱོར་བའི་ཤེས་རབ་ཀྱིས་སྟོང་པའི
4a6 ཐིག་ལེ་ལ་རྒྱས་བཏབ་པས་འདེ་བ་ཆེན་པོ་མཁའ་མཉམ་གྱི་དགོངས་པ་ལས་མ་གཡོས་པའོ།། སྤྱོད་པ་ནི་བྱང་སེམས་དཀར་དམར་ལ་གཙང་སྦྲ་མེད་པར་སྤྱོད་པའོ།། འབྲས
iiif viewer powered by OpenSeadragon
3b - 4b