e-texts navigator
Collection
Volume
Page
Wylie

3b1 གསུང་དུ་གསོལ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་ཏིང་ངེ་འཛིན་རང་གནས་ཀྱི་དོན་ལས་བཞེངས་ནས། རིགས་ཀྱི་སངས་རྒྱས་རྣམས་ལ་བཀའ་སྩལ་པ།། ཀྱེ་རིགས་ཀྱི་བུ
3b2 འཁོར་གྱི་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ཉོན་ཅིག། ངས་དགོངས་པ་ལྔའི་དོན་མ་ནོར་བར་བསྟན་གྱིས་ཉོན་ཅིག། ལེགས་པར་ཉོན་ཅིག། རི་བོ་སྒྲི་བཅིངས་ཀྱི
3b3 དགོངས་པ་ཤར་བའི་དུས་ན། རྫོགས་ཆེན་གྱི་ལྟ་བ་མཐར་ཕྱིན་ཏེ། དབང་པོ་རབ་འབྲིང་ཟ་མ་གསུམ་ལ། ལྟ་བ་རྣམ་པ་གསུམ་འཆར་ཏེ། དབང་པོ་རབ་ཡེ་ཤེས་ཀྱི་སྣང་བ
3b4 ལྷག་པར་ཤར་བའི་ལྟ་བ་ནི། རང་གི་ཡེ་ཤེས་རྟོག་མེད་ཀྱི་རིག་པ་སྤུ་དང་བཅས་པར་རྟོགས་ཤིང་། དེའི་ཚེ་དགོངས་པ་ནི་གསལ་བ་ལ་མི་གཡོ་བ་རྒྱ་མཚོ་ལ་གཟའ་སྦྱར་ཤ་རབ
3b5 ལྟེལྟ་བུའོ།། སྤྱོད་པ་ནི་འགག་མེད་ཤུགས་འབྱུང་གི་སྤྱོད་པ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའོ།། འབྲས་བུ་ནི་སྐྱེ་མེད་རང་བྱུང་གི་སྣང་བ་མཐོང་བའོ།། དབང་པོ་འབྲིང་གི
3b6 ལྟ་བ་རང་གི་རེག་པ་སྐྱེ་མེད་དུ་འདུག་པ་ཙམ་ཞིག་རྟོགས་པའོ།། དགོངས་པ་ནི་རྒྱ་མཚོ་ལ་དང་ཆགས་པ་ལྟ་བུར་རྣམ་རྟོག་གི་ཕྱོགས་དང་བྲལ་བའོ།། སྤྱོད་པ་ནི་མ་བཀག་ལྷུག




iiif viewer powered by OpenSeadragon

3a - 4a

Texts on this page

Gaz003.003 - seng ge rtsal rdzogs chen po'i rgyud