e-texts navigator
Collection
Volume
Page
Wylie

16b1 མི་གནས་འབྲས་བུ་རང་སྣང་ངོ་།། རྟོག་པ་མེད་པའི་ཆ་ལུགས་མངོན་པར་སྣང་།། ཐི་བ་མ་ཡིན་གང་བག་ལ་ཡོད།། ཤེས་བྱའི་ཡུལ་ལས་འདས་ཤིང་དོན་བྱེད་པའོ།། དེ་ནས
16b2 འདུས་པའི་ཚོགས་རྣམས་ཀྱིས།། ཀུན་བཟང་ཡབ་ལ་དོན་ཞུས་པ།། ཀྱེ་ཀྱེ་ཀུན་བཟང་སེང་གེའི་བདག། ཡང་དག་སངས་རྒྱས་དགོངས་པ་ཉིད།། འདུས་པའི་ཚོགས་ལ
16b3 བསྟན་དུ་གསོལ།། དེ་ནས་རྒྱལ་བ་སེང་གེའི་སྒྲས།། འདུས་པའི་ཚོགས་ལ་བཀའ་སྤྲུལ་པ།། ཨེ་མ་རིགས་ལྔ་རྒྱལ་བའི་སྲས།། ཡེ་ཤེས་ཀློང་གི་གཏན་ཚོགས་ཉོན།། སངས
16b4 རྒྱས་ཡེ་ཤེས་རྒྱ་མཚོའི་ཀློང་།། འགྱུར་མེད་ཡེ་ཤེས་ངུར་ས་ནི།། རང་རིག་སྙིང་ལ་རྫོགས་པའི་དོན།། ང་ཡིས་ལེགས་པར་བསྟན་པར་བྱ།། ཀྱེ་མ་འདུས་པའི་འཁོར་ཚོགས
16b5 རྣམས།། ཆོས་ཉིད་སྐུ་ཡི་སྣང་བ་བལྟ་འདོད་ན།། ཡེ་ནས་དག་པའི་མན་ཤེལ་ཟླ་ལ་ལྟོས།། འོད་གསལ་བདེ་བའི་སྐུ་ལ་འཇུག་འདོད་ན།། གཟུང་འཛིན་དག་པའི་བློན་མ་རྣམ
16b6 གཉིས་ལྟོས།། ཆོས་སྐུ་རང་སྣང་ཕྱོགས་མེད་པ་ལྟ་འདོད་ན།། ཕྲ་རགས་བྲལ་བའི་ནམ་མཁའི་དབྱིངས་སུ་ལྟོས།། རྟོག་མཐའ་བྲལ་བའི་ཆོས་ཉིད་བལྟ་འདོད་ན།། གཡང་དག




iiif viewer powered by OpenSeadragon

16a - 17a

Texts on this page

Gaz003.003 - seng ge rtsal rdzogs chen po'i rgyud