e-texts navigator
Collection
Volume
Page
Wylie

16a1 སྒྲོལ།། རྣམ་རྟོག་སངས་པས་ཆོས་ཉིད་ཡུལ་དང་མཇལ།། ཨེ་མ་ཏོ་མཱ་ལིཀྵཱ་ལཱིའི་ཡི་གེ་ལས།། ཤཱུ་ལ་སོགས་པའི་ཡི་གེ་འབྱུང་།། དེ་བཞིན་ཧ་དང་མ་ཡི
16a2 དོན།། ཀུན་ནས་ཀུན་ཏུ་ཤེས་པར་བྱ།། གསང་སྔགས་ཚིག་དོན་ཡི་གེ་ལས།། རིག་པའི་རང་ལྷས་མཐོང་བར་འགྱུར།། ཆོས་དབྱིངས་རྒྱན་དང་བཅས་པར་ནི།། ཡི་གེའི་ཡན་ལག
16a3 རྐྱེན་ཐོས་པ།། རང་ལྗང་པས་མཐུལ་ཆེན་པོའོ།། རང་བྱུང་ཉིད་ཀྱི་མིག་ན།། ཡན་ལག་མི་མར་སྤྲོས་པ་བཞིན།། བདུན་པ་ན་མ་དག་མཐོང་བའོ།། ཆོས་ཉིད་ཡུལ་དྷདྷཱ་དྷ
16a4 ལ།། རྣམ་རྟོག་རླུང་གིས་མ་གཏོར་ཅིག། རང་སྣང་གྲོགས་སུ་བསྟེན་པ་ལ།། གཞན་འབྱུང་སྣང་བལྟོས་འགྱུར་མིན།། སྟོང་དང་མི་སྟོང་དབུ་མའི་ལམ།། དངོས་པོ་ཡོད
16a5 མེད་གཉིས་དང་བྲལ།། རིག་མེད་སྟོང་པ་མ་ཡིན་ཏེ།། རང་རིག་སྐུ་ལྔའི་འོད་དང་བཅས།། འགྱུར་མེད་ལམ་སྣད་འདྲེན་པའི་རྟགས།། སེམས་ཅན་ཀུན་གྱི་སྙིང་ལ་གནས།།
16a6 གསང་བབས་ཀྱང་ཆེས་གསང་བ།། གྲུབ་པ་མངོན་ཅུ་བསྟན་པ་ཡིན།། དགོངས་དོན་ཆེན་པོས་ཡིན་པར་གསུངས།། ཐབས་ལ་མ་ཆགས་ཤེས་རབ་གདོས་ཟག་ཆད།། རྒྱུ




iiif viewer powered by OpenSeadragon

15b - 16b

Texts on this page

Gaz003.003 - seng ge rtsal rdzogs chen po'i rgyud