e-texts navigator
Collection
Volume
Page
Wylie

15b1 བདེན་པ་མཐོང་བའི་ཀུན་བཟང་སེང་གེ་ངས།། བག་རྡུལ་དེངས་པའི་ཆོས་ཉིད་ནཱམ་མཁའ་ལ།། སློ་བ་སྤུ་མེད་པའི་དབྱི་དག་ཀྱི་སྒྲོན་མ་རུ།། ཆགས་སྡང་མེད་པའི་ལུ་གུ་ཆུད
15b2 ཀྱི་སྐུ།། བཅོས་པ་མེད་པའི་མིག་གིས་བལྟ་བར་བྱ།། གཟའ་གཏད་མེད་པའི་ཏིང་འཛིན་གསལ་བ་དེ།། རྐྱེན་དང་བྲལ་བའི་ཆོས་ཉིད་མཁའ་ལ་རོལ།། དགག་བསྒྲུབ་མེད
15b3 པའི་རང་སྣང་ཚིག་ཆོད་རྟོགས།། སངས་རྒྱས་དགོངས་པ་ཀུན་རྒྱ་རྩེ་མོར་གསུངས།། འགྲོ་ཉལ་འདུག་བསྒོམ་མ་ཡེངས་དང་ལ་སྤྱོད།། གཏང་གཞག་བྱ་བྱེད་ཐལ་བའི་ནམ
15b4 མཁའ་ལ།། འཛིན་རྟོག་ཡུལ་ལས་འདས་པའི་རིག་པ་གསལ།། གཟུང་འཛིན་རྣམ་རྟོག་འཁོར་བའི་གཏིང་རུམ་ནས།། བྱས་པ་མེད་པའི་རང་སྣང་མཁའ་ལ་གསལ།།
15b5 བཀླད་པ་མེད་པའི་ཆོས་ཉིད་ཡུལ་ལས་འདས།། བྱས་པ་མེད་པའི་བྱུངས་གཅིག་ཏུ་གྲོལ།། མཐོང་སྣང་མ་འགགས་ཏིང་འཛིན་རང་ལ་གསལ།། བཏངསྙོམས་མ
15b6 འཇིས་ཆོས་སྐུ་དེ་བཞིན་གཤེགས།། བགྲོད་མེད་རང་གསལ་ཆོས་ཀྱི་སྙིང་པོ་ཡིན།། རྟོག་འཛིན་མེད་པས་ཆོས་ཉིད་ཡུལ་དང་འཕྲད་།། སྣང་བ་མཐའ་ཡས་རྒྱལ་བའི་ཞིང་དུ




iiif viewer powered by OpenSeadragon

15a - 16a

Texts on this page

Gaz003.003 - seng ge rtsal rdzogs chen po'i rgyud