| | e-texts navigator
|
15a1 མཁའ་ལ།། རང་གནས་པས་མཐལ་རྣམ་རྟོག་མིང་དང་བྲལ།། འཛིན་པ་མེད་པར་རྟོག་ཆར་ཡུལ་ལ་འཇུག། ཡང་དག་མཚན་འཛིན་སོ་སོའི་དཀྱིལ་འཁོར
15a2 ཆེ།། ཆེ་བའི་ཆེ་བས་སངས་རྒྱས་སྐུ་དང་ཕྲད།། ཆུང་བའི་ཆུང་བས་རང་རིག་སྤྱན་གྱིས་མཚོན།། ཕྲ་བའི་ཕྲ་བས་རིག་པའི་རང་མདངས་བསྒྲིབས།། སྒྲོན་མའི་སྒྲོན་མས་རང་གི
15a3 ཆོས་ཉིད་མཐོང་།། དག་པའི་དག་པས་རང་སྣང་རྩ་བ་མཐོང་། རྣམས་པར་ཡངས་པའི་དཀྱིལ་འཁོར་རང་ཉིད་ཡིན།། སངས་རྒྱས་ཆོས་ནི་ཐེ་ཚོམ་ཡུལ་ལས་འདས།། ཆོས
15a4 ཀྱི་སྐུ་ནི་སྣང་བའི་ཡུལ་དུ་མེད།། ལོངས་སུ་མཚན་མ་དམིགས་པའི་ཡུལ་མེད་པའོ།། སྤྲུལ་པའི་སྒྲ་ནི་ང་དང་བདག་ཏུ་མེད།། རྡོ་རྗེ་རྡོ་རྗེ་སེམས་དཔའ་ཆེ།། འདས་པའི
15a5 རྡོ་རྗེ་རབ་བསྔགས་པ།། ལས་ཀྱི་རྡོ་རྗེ་བྱེད་འགྱུར་བ།། ཕྲིན་ལས་རྡོ་རྗེ་བསྟན་པ་ཆེ།། རང་གི་རང་བཞིན་རྣམ་རྟོག་གྲོལ།། ཡེ་ནས་ཆུབ་པས་ཀུན་ལ་གནས།། རྒྱ་ཆེད་མེད
15a6 པའི་ཆོས་སྐུ་རང་བྱུང་ངས།། རྟོག་པ་མེད་པའི་ཆོས་ཉིད་རང་སྣང་ལ།། བཅོས་བསླད་མེད་པའི་རིག་པ་ཏིང་འཛིན་གསལ།། འཛིན་ཆགས་མེད་པའི་རིག་པ་ཡུལ་ལ་འཇུག།
iiif viewer powered by OpenSeadragon
14b - 15b