e-texts navigator
Collection
Volume
Page
Wylie

14b1 གེ་བགྲོད་མེད་ལ་མ།། བྱ་བཅོལ་མེད་པའི་སེང་གེ་ཡིས།། བཏང་བཞག་མེད་པའི་གངས་དཀར་ལ།། མུན་པ་སངས་པའི་རྩལ་གསུམ་རྫོགས།། བསམ་མེད་དངས་པའི་སེང
14b2 གེ་དྲས།། ཀ་དག་དྲི་མེད་གྲངས་བཟང་ལ།། འབྱུང་བ་སངས་པའི་རྩལ་གསུམ་རྫོགས།། དཀྱིལ་འཁོར་དོན་གྱི་སེང་གེ་ངས།། བག་ཆགས་ཟད་པའི་གངས་བཟང་ལ།། གྱིན
14b3 མེད་པའི་རྩལ་གསུམ་རྫོགས།། རང་སྣང་རྟོགས་པའི་སེང་གེངས།། ཡང་མ་འགྲུས་པའི་གངས་དཀར་ལ།། རྣམ་དག་སྤྱན་གྱི་རྩལ་གསུམ་རྫོགས།། དགོངས་པར
14b4 གནས་སེང་གེངས།། བྱ་བྱེད་བྲལ་བའི་གདུས་བཟང་ལ།། ཡུལ་དྲུག་སྤྱོད་པའི་རྡུལ་གསུམ་རྫོགས།། དངོས་བྲལ་ཆོས་ཉིད་སེང་གེ་དུས།། ཕྲ་རིགས་བྲལ་བའི་གྲངས
14b5 དཀར་ལ།། རང་སྣང་དག་པའི་རྩལ་གསུམ་རྫོགས།། རྩལ་ལ་ཡང་དག་དོན་ཆེན་རྫོགས།། འཛིན་མེད་རང་སྣང་དེ་བཞིན་ནོ།། ཀྱེ་མ་རིགས་ལྔའི་དཀྱིལ་འཁོར་ཉོན།། རྣམ
14b6 ངག་བརྗོད་མེད་ཡེ་ཤེས་སེང་གེའི་ཀློང་།། བསྐྱེད་པ་མི་མངའ་སངས་རྒྱས་ཡེ་ཤེས་སྐུ།། རྫོགས་པ་མི་མངའ་ཡེ་ཤེས་དོན་ལ་འཇུག། ཀུན་བཟང་སེང་གེའི་ཆོས་ཉིད་ནམ




iiif viewer powered by OpenSeadragon

14a - 15a

Texts on this page

Gaz003.003 - seng ge rtsal rdzogs chen po'i rgyud