| | e-texts navigator
|
12b1 གསང་སྔགས་དགོངས་པ་ཆོད་མར་བལྟ།། ཤེས་བྱ་ཡུལ་གྱི་སྣང་བ་ལ།། ཆོས་ཉིད་ནང་གི་ཏིང་འཛིན་གསལ།། གསལ་བའི་ཡེ་ཤེས་ཕྱོགས་མེད་ལ།། མཐར་ལྷུང་མེད་པའི
12b2 ལྟ་བ་གསལ།། སྒྲ་དང་ཐ་སྐུད་མིང་བཏགས་རྣམས།། ཆོས་ཀྱི་དབྱིངས་ཀྱི་རྒྱན་དུ་གསུངས།། རང་སྣང་ཐབས་ཀྱི་རྒྱལ་པོ་ལ།། སྟོབས་ཀྱི་རིག་པ་མ་འགགས་པས།། རང་གི
12b3 ཤེས་རབ་ཉིད་ལ་དྲིས།། དམིགས་པ་མེད་པའི་ཏིང་འཛིན་ནི།། བྱ་བ་ཙལ་བྲལ་བའི་ངང་དུ་རྗེས།། ཡུལ་གསལ་ཐོག་མ་མེད་པའི་སེམས།། རྣམ་པར་དག་པའི་དབྱིངས་ལ་དྲིས།།
12b4 དེ་ནི་དགོངས་པའི་དོན་དུ་བསྟན།། ཀུན་གཞི་སེམས་ཀྱི་རྩ་བ་དང་།། རང་རིག་ཡུལ་གྱི་རྩ་བ་གཉིས།། འདྲ་གཞི་གཅིག་ལ་གོལ་ས་ཆེ།། མ་རིག་སེམས་སུ་སྣང་བ་དང་།། རེག
12b5 པ་རྟོག་མེད་སྣང་བ་གཉིས།། འདྲ་ག་ཞི་གཅིག་ལ་གོལས་ཆེ།། རྡོ་རྗེ་སེམས་དཔའི་ཆོས་ཉིད་དང་།། རང་སྣང་དཀྱིལ་འཁོར་དག་པ་གཉིས།། འདྲ་གཞི་གཅིག་ལ་གོལས
12b6 ཆེ།། རང་བྱེང་ཡེ་ཤེས་ཚིག་གི་མཐའ་དང་བྲལ།། སྟོང་པའི་ཡེ་ཤེས་ཡུལ་གྱི་རྐྱེན་དང་བྲལ།། མངོན་སུམ་ཡེ་ཤེས་ཚིག་གི་མཐའ་དང་བྲལ།། སངས་རྒྱས་ཀུན་གྱི་ཆོས་ཉིད
iiif viewer powered by OpenSeadragon
12a - 13a