e-texts navigator
Collection
Volume
Page
Wylie

9b1 རྣལ་འབྱོར་རང་གིས་གང་དགར་རོལ།། མ་བཙལ་བཞག་པའི་བསམ་གཏན་ནི།། རང་གི་རྒྱུད་ལ་སྐྱེ་བ་དང་།། ཤེས་པ་ཅི་མི་སྙམ་པའི་ལམ།། རྣལ་འབྱོར་ཀུན་གྱི་སེམས་ལ་སྣང་།།
9b2 འདི་ལྟར་འབྱུང་བས་མི་བསྒྲིག་མི་གནོད། འབྱུང་བའི་སྐྱེས་བུ་རྣམས།། ཆོས་ཀྱི་སྐུ་ཡི་སྣང་བ་མཐོང་།། འདི་མཐོང་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་ཀློང་དུ་འདུས་པའོ།། གང་གིས
9b3 ལོངས་སྤྱོད་རྫོགས་པ་ལ།། གོམས་ཤིང་གདིངས་སུ་གྱུར་པའི་རྟགས།། འདི་ལྟར་ཉམས་སུ་མྱོང་བའི་མི།། སྐུ་ལྔ་ཡེ་ཤེས་ལྔ་ལ་རོལ།། རོལ་པ་ཆེན་པོའི་ལྟ་སྟངས་ཀྱིས།།
9b4 འདི་ལྟར་རྟགས་དང་སུ་ལྡན་པ།། རྣལ་འབྱོར་དེ་ཉིད་ཅི། ལྡན་པའི་སྐལ་ལྡན་དེས།། ཐིག་ཅིའི་ཕྱིར་ན། ལེ་སྟོང་པའི་སྒྲོན་མ་ནི།། རྩོལ་བ་མེད་པར་ཤར་བ་ལ།། སྣང་བ་ཉིད་ཀྱང
9b5 སྐུ་རུ་སྣང་།། རིམ་གྱིས་མཐོང་བའི་སྐྱེས་བུ་ནི།། ལོངས་སྐུའི་རྩ་བ་འདིས་མཐོང་ཡིན།། འདི་ལྟར་རྒྱུད་ལ་གོམས་པ་ཡི།། སྐྱེས་བུ་རང་གིས། ཕྱིས་མངས་ཀྱི་གྲོད་ཁྱེར་དུ་འཇུག་མི་སྲིད་པས། དེ་ནས
9b6 རིང་པོ་མ་ལོན་པར་འདི་ལྟར་གྱིའི་རགས་པར། དང་པོ་མི་བཔྱོད་པ། དེ་ནས་རིན་འབྱུང་། དེ་ནས་སྣང་མཐའ། དེ་ནས་དོན་གྲུབ། དེ་ནས་རྣམ་སྣང་།། ངག་ནི་གསལ་ཞིང་སྐད་དང་ལྡན།། རྫུན་དུ་བརྗོད་པའི་ཚིག་རྣམས




iiif viewer powered by OpenSeadragon

9a - 10a

Texts on this page

Gaz003.007 - dpal nam mkha' med pa'i sku gdung 'bar ba chen po'i rgyud