e-texts navigator
Collection
Volume
Page
Wylie

5a1 སུ་གསུང་ཐུགས་ཀྱི་རྟགས་ཅི་ལྟར་འབྱུང་བ་སྟོན། ལྟར་སེམས་ཅན་དག་པ་ཡང་།། སྔོན་དུ་སངས་རྒྱས་སྐུ་གསུང་ལ།། གོམས་ཤིང་སྦྱངས་པའི་རྟགས་སུ་ཡང་།
5a2 འདི་ལྟར་འབྱུང་བློ་མཁའ་འགྲོ་མ།། སངས་རྒྱས་ཀུན་གྱི་སྐུ་ཉིད་ལ།། སྔོན་དུ་སུ་ཡིས་གོམས་དེ་ཡི།། སྦ་བའི་ཚིག་ནི་བཙན་པ་དང་།། ཆད་རྣམས་འགྱུར་བ་མེད་པར་ཡང་།།
5a3 འདི་ཉིད་འགྱུར་ཏོ་སྐལ་དང་ལྡན།། ཉི་མ་ཡིས་ནི་དུས་ཉིད་ལ།། ཚིགས་སུ་བཅད་པ་སྟོང་དམཱ་ནི།། ཡང་ན་བཞི་བརྒྱའི་ཚོགས་བཤད་ཀྱི།། དོན་ནི་བློ་ལ་སྣང་བར་འགྱུར།།
5a4 ནི་སྒྲས་གཞན་ལ་ཕན་སེམས་ཅན་གཞན་ལ། པའི་མི།། འདི་ནི་སྔོན་དུ་སྤུ་ལ་ཡང་།། གོམས་པ་ཡིན་ནོ་མཁའ་འགྲོ་མ།། སྔོན་དུ་སངས་རྒྱས་ཀུན་གྱི་ཡང་།། གསུང་བ་སུ་ཡིས
5a5 གོམས་པ་ལ།། སྐད་ཕྱིན་མེད་པ། ནི་ཚངས་པའི་དབྱངས་བཞིན་དུ།། ཀུན་གྱི་རྣ་བར་སྙན་པ་དང་།། ཚིགས་སུ་བཅད་པ་སྟོང་རེ་ཡང་།། ཉིན་གཅིག་ལ་ནི་བློར་ཟིན་དང་།།
5a6 སེམས་ཅན་ཐམས་ཅད་བྲན་བཞིན་དུ།། འདི་ཡི་འཁོར་ལ་འགྱུར་བ་ནི།། སྔོན་དུ་སངས་རྒྱས་གསུང་ལ་ཡང་།། འདི་ཡིས་གོམས་སོ་མཁའ་འགྲོ་མ།། སངས་རྒྱས་རྣམས




iiif viewer powered by OpenSeadragon

4b - 5b

Texts on this page

Gaz003.007 - dpal nam mkha' med pa'i sku gdung 'bar ba chen po'i rgyud