| | e-texts navigator
|
4a1 ལྕགས་ཀྱུ་དང་ནི་རལ་གྲིའམ།། ཡི་གེ་ཨཱཿཡི་མཚན་མ་ནི།། རི་མོ་ཉིད་དང་འབར་དུ་ནི།། སུལ་ཡོད་པའི་སྐྱེས་བུ་དེ།། སངས་རྒྱས་ཀུན་གྱི་གསུང་ལ
4a2 ཡང་།། འདི་ཡིས་སྔོན་དུ་སྦྱངས་པས་ན།། ཚེ་གཉིས་ཀྱིས་ནི་གསུང་གཅིག་ཏུ།། ངེས་པའི་འབྲས་བུ་ཐོབ་པར་འགྱུར།། འདི་ལ་བར་ཆོད་མེད་པ་གཅེས།། བར་མ་ཆོད་པར
4a3 སྨྲས་བསྒོམ་པ།། གདོན་མི་ཟ་བར་མཐོང་བར་འགྱུར།། སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང་།། སྔོན་དུ་གོམས་པར་སུས་བྱས་པ།། དེ་ཡི་ལུས་ལ་རྟགས་འདིའོ།། གང་གི
4a4 ང་གཱ་གནས་།། ག་སྣས་དུ་རྗེ་ཆེན་འགྲེངས་དང་།། དེ་བཞིད་འཁར་ལ་རྩིབས་བཞིའམ།། དེས་པ་གསུམ་པ་ཡིནས་དངསས་།། དོན་པ་མ
4a5 ཉིད་དམ།། ཡི་གེ་ཧཱུ~ཾ་གི་མཚན་མ་ནི།། སུ་ལ་བྱུང་བའི་སྐྱེས་བུ་ནི།། སངས་རྒྱས་ཀྱི་ཡང་ཐུགས་ལ་ནི།། འདི་ཡིས་གོམས་སོ་སྐལ་དང་ལྡན།། འདི་ནི་བསྒོ་མ་ལ་བརྩོན
4a6 བྱས་ན།། བར་མ་ཆད་དེ་ཚེ་གསུམ་ན། བང་མཆོད་དེ་བསྒོམ་ན།། སངས་རྒྱས་ཐུགས་ཀྱི་དཀྱིལ་འཁོར་དུ།། སངས་རྒྱས་པ་ལ་ཐེ་ཚོམ་མེད།། འདི་ལྟར་སྐུ་གསུང་ཐུགས་ལ་ནི།།
iiif viewer powered by OpenSeadragon
3b - 4b