e-texts navigator
Collection
Volume
Page
Wylie

3a1 པ་མེད་པའི་ཚིག་འདི་ལ།། ངེས་པའི་སྙིང་པོ་གསང་ཆེན་གྱི།། དོན་ཀུན་ཀྱང་ནི་འདི་ལས་བསྟུན།། ཅི་ལྟར་རྫོགས་སངས་རྒྱས་རྣམས་ཀྱི།། སྐུ་ཡི་རྟགས
3a2 དང་གསུང་གི་རྟགས།། དེ་བཞིན་རྡོ་རྗེ་ཐུགས་ཀྱི་རྟགས།། ཅི་ལྟར་སྔོན་དུ་ཤར་བ་ལྟར།། འདིར་ཡང་སྐལ་ལྡན་གྱི་སེམས་ཅན་ཀུན་ལུས་ལ།། འདི་དག་རྣམས་ནི་སྣང་བར་ཉམས་སུ
3a3 ལེན་པ་ལྔ་ལུས་དག་ཡིད་གསུམ་ལ་རྟགས་འདི་ལྟར་འོང་། སེམས་ཅན་གྱི་ལུས་ལ་སྐུ་གསུང་ཐུགས་ཀྱི་གུད་ཅི་ལྟར་གནས་པ་བསྟན། འགྱུར།། འདི་ཉིད་སུལ་སྡང་བ་དེ། སེམས་ཅན་ཐམས་ཅད་ལ་ཡིང་གཞིས་རང་ཨ
3a4 གྲུབ་ནས་ཡོད།། སྔོན་ནས་སྦྱངས་པའི་སྐུལ་བ་ཅན།། སྔ་མ་མ་སྦྱིན་པ་ལས་ནི།། ད་ལྟའི་དུས་ངེས་འབྲས་བུ་ནི།། སུ་ཡིས་འགྲུབ་པའི་མི་དེ་ལ། ལུས་ཀྱི་རྟགས་དང་དེ་བཞིན་དག།
3a5 ཡིད་སོགས་རྟགས་འདི་འབྱུང་བ་ཡིན།། གལ་ཏེ་བར་ཆོད་དུ་སོང་ལ། འདི་རྟགས་མ་བྱུང་ན།། འཇིག་རྟེན་ཡིད་དཔྱོད་ཚེ་འདི་ལ་བསྒྲུབ་པའི། བལྟ་བར་འགྱུར།། དེ་ཕྱིར་རྟགས་ཉམས
3a6 སུ་བླངས་པའི། དང་སུ་ལྡན་པ།། འདི་ཡིས་གསང་བའི་ངེས་ལུང་ཐོབ། རྒྱུད་འདི་རྣམས།། ངེས་པའི་དོན་ཐལ་ར། ལུང་གི་ཚད་ཟིན་པས།། ཕྱི་རོལ་ནང་སོགས་ཚད་ཀུན་ཟིན།། འདི




iiif viewer powered by OpenSeadragon

2b - 3b

Texts on this page

Gaz003.007 - dpal nam mkha' med pa'i sku gdung 'bar ba chen po'i rgyud