e-texts navigator
Collection
Volume
Page
Wylie

2b1 རིགས་དྲུག་སྐྱེ་གནས་དྲུག་པར་ཟླ་བའི་ཕྱིམ།། སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དང་།། ལྷ་དང་མི་སོགས་སྐལ་དང་ལྡན་པ་དང་།། གདུལ་བྱའི་འཁར་ནི་བསམ
2b2 གྱིས་མི་ཁྱབ་དང་།། མི་གནས་ཆེན་པོ་རང་གི་བསམཱ་གཏན་ལས།། འབྱེད་པར་མེད་པའི་ཚུལ་གྱིས་མཉམ་པར་བཞུགས།། དེ་ནས་འཁོར་དུ་འདུས་པ་དེ་ནས་ནི།། རྡོ་རྗེ་རིག
2b3 ཀྱིས་མཁའ་འགྲོ་གསལ་བྱེད་ཀྱིས།། རྡོ་རྗེ་འཆང་གི་སྟོན་པ་ཉིད་ལ་ཡང་།། མི་འགྱུར་འགྱུ་བ་མེད་པའི་དབུགས་ཕྱུང་ནས།། འདི་སྐད་ཅེས་ནི་ཞུ་བ་རབ་ཏུ་ཞུས།། ཀྱེ་སྟོན་པ
2b4 ཉིད་ནི་རྡོ་རྗེ་འཆང་།། འཇིག་རྟེན་ཁམས་ནི་ཐམས་ཅད་ནས།། བཙལ་བས་མ་རྙིད་སངས་རྒྱས་དོན།། སུས་ཀྱང་རིག་པ་མེད་པ་དེ།། སྐལ་བ་ལྡན་པ་སུས་མཐོང་བ།། དེ་ལ
2b5 རྟགས་ནི་ཅི་ལྟ་བུ།། སྤྱི་དང་བྱེ་བྲག་སོ་སོ་ཡི།། རྟགས་ཀུན་བདག་ལ་བསྟོན་དུ་གསོལ།། དེ་ནས་སྟོན་པ་རྡོ་རྗེ་འཆད།། རང་རིག་གསལ་བའི་སྒོ་ཕྱེས་ནས།། ཤེས་རབ་ཆེན
2b6 པོའི་མཛོད་བསྟན་པ།། ཀྱེ་མ་མཁའ་འགྲོ་གསལ་ཡིད་མ།། ང་ཡིས་བསྟན་གྱིས་ཁྱོད་ཀྱིས་ཟུངྒ།། ངས་བསྟན་པ་ཡི་ཚིག་འདི་ལ།། འཁྲུལ་པ་རྡུལ་གྱི་ཆ་ཡང་མེད།། འཁྲུལ




iiif viewer powered by OpenSeadragon

2a - 3a

Texts on this page

Gaz003.007 - dpal nam mkha' med pa'i sku gdung 'bar ba chen po'i rgyud