e-texts navigator
Collection
Volume
Page
Wylie

10b1 རྒྱུད་ཀྱི་ཚིག་རྣམས་ཇི་བཞིན་དུ།། རིམ་པས་ཇི་ལྟར་གསལ་བར་འགྱུར།། དེ་བཞིན་ཆོས་རྣམས་མཐའ་དག་གི།། ཆོ་ག་དང་དོན་གྱི་རྣམ་པ་ཀུན།། སེམས་ཅན་ཇི་ལྟར་མས་པ་ལ།།
10b2 གང་ལྟར།། ཆོས་རྣམས་དང་ནི་མཐུན་པར་ཡང་།། ཇི་ལྟར་དྲིས་པའི་ལན་དེ་ནི།། སྐལ་དང་ལྡན་པར་འདིས་སྟོན་པས།། འདི་ནི་སྨྲ་བའི་སེང་གེའོ།། ལུས་ཀྱི་སྟོབས་སུ་ཆོ
10b3 སྣ་ཚོགས་ཡང་མོས་ལ། སྔོན་མངོན་པས།། རྐང་མགྱོགས་པ་ཡི་སྟོབས་ཀྱང་རྙིད།། ལུས་ཀྱི་གཉི་མས་དང་རང་དང་མཐུན་པར་། མ་མེད་པ་དང་།། སྐྲད་དཀར་དག་ཀྱང་ནག་པོར་འགྱུར།
10b4 དེ་བཞིན་བཅུ་དྲུག་ལོན་པ་བཞིན།། གཞོན་པའི་མདངས་དང་ལྡན་པར་འགྱུར།། དཔེར་ན་ནཱ་ནི་གཞོན་ནུ་ལ།། ཆར་པ་དག་ནི་ཡང་བབས་པས།། སྐྱེད་ནི་རང་སྐྱེས་ལྡན་པ
10b5 འགྱུར།། སྔོན་ན་མེད་པའི་སྙིང་རྗེ་ཡང་།། འདི་ལ་གཏིང་ནས་སྐྱེ་བ་དང་།། དེ་རྗེས་སེམས་ཅན་དོན་ཇི་ལྟར་བྱ་སྙམ་པའི། ལ་འཇུག། རང་གི་ལུས་ཀྱི་ཤཟག་གིས། ཕན་པ་ཡིས།།
10b6 སེམས་ཅན་དག་ནི་འབྱུང་འདད་པ། བ་ནི།། འདི་ལ་ཇི་ལྟར་འདོད་པ་ཡིས།། ལུས་དང་ཡན་ལག་མགོ་དང་ནང་ལག་གཏོང་བར་ནུས།། ཕྱི་རོལ་བདོག་པ་ནང་རྫས། སྤྲོས་ཅི་དགོས།།




iiif viewer powered by OpenSeadragon

10a - 11a

Texts on this page

Gaz003.007 - dpal nam mkha' med pa'i sku gdung 'bar ba chen po'i rgyud