| | e-texts navigator
|
10a1 ནི།། འདི་ཡི་ཁ་ནས་གཏན་མི་འབྱུང་།། དེ་བཞིན་མི་དགེ་ལས་ཀྱི་ཚིག། གཏམ་དུ་སྨྲ་བའི་བརྗོད་མཐའ་འགགས།། དེ་ལྟར་རྟགས་དང་ལྡན་པ་དེས།། །
10a2 འདི་དོན་ཉམས་སུ་བླངས་ནཱ་ནི།། ནུམ་མཁའ་ལ་ནི་འཕུར་བ་དང་།། རི་བྲག་ལ་ཡང་ཟད་ཐལ་དང་།། ས་ཡི་འོག་དུ་འཛུལ་བ་དང་།། ཆུ་ལ་བྱིང་བ་མེད་པར་འབྱུང་།། དེ་ལྟར་བྱུང
10a3 བའི་སྐལ་ལྡན་དེས།། དབྱིངས་རིག་གདིང་དུ་མ་ཚུད་ན།། འབྱུང་བ་ཉིད་ནི་རང་དེངས་སུ།། འགྱུར་བ་ཉིད་ནི་མ་ཡིན་ཏེ།། འདི་ནས་སྐྱེ་བ་འཕོས་ནས་ནི།། ཆོས་ཉིད་ཀྱི་ནི་བར་ངོ
10a4 ལ།། སྐད་ཅིག་ཉིད་ལས་གྲོལ་བར་འགྱུར།། གང་དག་སྐྱེས་བུ་སྐལ་དང་ལྡན།། སྤྲུལ་པའི་སྐུ་ལ་གོམས་ནས་ནི།། འདི་ཉིད་གདིང་དུ་གྱུར་པའི་མི།། ལུས་ངག་སེམས་ལ་རྟགས
10a5 འདི་དག། སུལ་བྱུང་བའི་སྐྱེས་བུ་ནི།། འདི་ཡང་སྐལ་དང་ལྡན་པར་འགྱུར།། སྔོན་དུ་ཐོས་པའི་ཆོས་རྣམས་ཀྱི།། དོན་འདི་རང་གི་རྒྱུད་ལ་ཡང་།། ཅིག་ཆར་དུ་ནི་འཆང་བ་ནི།
10a6 འདི་ལ་འགྱུར་རོ་མཁའ་འགྲོམ།། དེ་བཞིན་སྔོན་དུ་མ་ཐོས་པའི།། ཆོས་ཀྱི་ཆོག་རྣམས་སྣ་ཚོགས་པ།། རང་བཞིན་དུ་ནི་ཁ་ནས་སླ།། དེ་བཞིན་གསང་སྔགས་གཞན་དག་གི།
iiif viewer powered by OpenSeadragon
9b - 10b