| | e-texts navigator
|
38a1 ན།། ལུང་མ་བསྟན་པའི་གནས་སུ་གོལ།། བསྒོམ་པ་རྒྱུན་གྱི་རྣལ་འབྱོར་ལ།། གོལས་རྣམ་པ་གསུམ་ཡོད་དེ།། བཏང་སྙོམས་བདག་མེད་བསྒོམ་བྱས་ན།།
38a2 སྟོང་པའི་མུན་སྣང་ཉིད་དུ་གོལ།། ཏིང་འཛིན་ཡིག་འབྲུ་བ་སྒོམ་བྱས་ནི།། ཆགས་ནས་འཁོར་བའི་གནས་སུ་གྲོལ།། མི་རྟོག་སྟོང་པར་བསྒོམ་བྱས་ན།། ཆད་པ་མུ་མེད་ཉིད་དུ
38a3 ལྷུངས་ནས་ཀྱང་བྱུང་གོལ།། གོལ་བའི་རྒྱུ་ནི་བསམ་ཡས་ཀྱང་།། གོ་ལས་ཆེན་པོ་དེ་ལས་མེད།། ལུ་གུ་རྒྱུད་ལ་གོལ་ས་མེད།། ལམ་པའི་རྒྱུད་ལས་ཀོལ་པར་སྣང་།། དོན་ལ་གོལས་གཅིག།
38a4 ཀྱང་མེད།། རྒྱུ་དང་འབྲས་བུར་བཏགས་པ་ཡང་།། གོ་ལས་བཅད་ཕྱིར་གསུངས་པའོ།། ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས།། རྣལ་འབྱོར་རྒྱུན་དུ་བྱེད་པའི་ལེའུ་སྟེ་བཅུ་བཞི།།
38a5 པའོ།། །། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་བ་དང་། རིགས་ཀྱི་ལྷ་མོ་ལ་སོགས་པའི་འཁོར་ཐམས་ཅད་ཡི་རང་སྟེ་མངོན་པར་བསྟོད་དོ།། ནོར་བུ་ཕྲ་བཀོད་ཆེན
38a6 པོའི་རྒྱུད་གསང་བ་ཞེས་བྱ་བ་རྫོགས་སོ།། སྔགས་ཀྱི་སྲུང་མས་སྲུངས་ཤིག། ནོར་བུ་ཕྲ་བཀོད་རྒྱུད་ལ་འགྲེལ་པ་རིན་ཆེན་བཀོད་པ་ཞེས་བྱ་ཡོད་དོ།། ནོར་བུ་ཕྲ་བཀོད་ཉིད་ལ་མཐུ་བདུན།། དགེའོ།།
iiif viewer powered by OpenSeadragon
37b - 38b