| | e-texts navigator
|
37b1 དུས་བཞི་ཉིད་དུ་མ་བྲལ་ན།། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཡིན།། རང་རིག་བསྒོམ་པའི་རྒྱུན་མེད་ཀྱང་།། བསྒོམ་པ་རྒྱུན་གྱི་རྣལ་འབྱོར་འབྱུང་།། དུས་དང་དུས་མེད་ཐམས་ཅད
37b2 དུ།། ལུ་གུ་ཆུང་དང་མ་བྲལ་ན།། བསྒོམ་པ་རྒྱུན་གྱི་རྣལ་འབྱོར་ཡིན།། དེ་ནི་རླུང་རིག་འཁྱེར་སོར་བསྟན།། ཨེ་མ་ཧོ།། བལྟ་བ་རྒྱན་གྱི་རྣལ་འབྱོར་ལ།། གོ་ལས་རྣམ་པ་གསུམ
37b3 ཡོད་དེ།། སྟོང་པ་ཉིད་ལ་བལྟས་པ་ན།། གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ།། དངོས་པོ་ཉིད་དུ་བལྟས་པ་ན།། གཟུགས་ཁམས་གནས་རིགས་བཅུ་བདུན་དང་།། བེམས
37b4 བོ་ཉིད་དུ་གོལ་བར་འགྱུར།། ལུ་གུ་རྒྱུད་ཀྱི་སྣང་བ་ལ།། རྟག་པ་ཉིད་དུ་རབ་བལྟས་ན།། ཆགས་པ་ཆེན་པོས་བཅིངས་གྱུར་ནས། འགྲོ་དྲུག་གནས་སུ་གྲོལ་བ་འགྱུར།།
37b5 སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ལ།། གོལ་ས་རྣམ་པ་གསུམ་ཡོད་དེ།། འདི་ལྟར་སྣང་བ་ཐམས་ཅད་ལ།། སྨྱོན་པ་ལྟ་བུར་སྤྱད་བྱས་ན།། ལྷ་མ་ཡིན་དུ་གོལ་བར་འགྱུར།། དོན་མེད
37b6 ཚིག་རེངས་སྤྱད་བྱས་ན།། འཇིག་ཚོགས་བལྟ་བར་གོལ་བར་འགྱུར།། ཚོགས་དྲུག་ཡུལ་སྣང་ཐམས་ཅད་ལ།། བུ་ཆུང་ལྟ་བུར་སྤྱད་ནམ་མཁའ་ལྟ་བུར་མཐའ་ཡས་གོལ། ཡང་བྱུང་། བྱས
iiif viewer powered by OpenSeadragon
37a - 38a