e-texts navigator
Collection
Volume
Page
Wylie

35b1 སུམ་དུ་མཐོང་བྱེད་མ་འགགས་སོ།། དེའི་དོན་ལས་ཀྱི་ནང་གི་དངོས་པོ་ཐམས་ཅད་རྟོགས་པ་ནི། ཤེས་རབ་ཀྱི་སྤྱན་ཐོབ་པའོ།། དེ་ལ་ཕྱི་ནང་གི་ཆོས་རྫོགས་ཤིང་ཤར་བ་ནི།།
35b2 ཆོས་ཀྱི་སྤྱན་གྱིས་ཐམས་ཅད་སྡུད་པར་ཤེས་པའོ།། དེའི་དོན་མ་འགྲགས་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་ནི། ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཐམས་ཅད་མཁྱེན
35b3 ཅད་ཐམས་ཅད་གཟིགས་པོའི།། དེ་ལ་ཡང་མི་གནས་པར་རིག་པའི་སྐུ་དེ་ཉིད་ལས་གཞན་དུ་མ་ཡེངས་པ་ནི།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་སྤྱན་རྣམ་པར་དག་པའོ།། །
35b4 དེའི་ཕྱིར་ན་སྤྱན་ལྔ་དྲི་བཞིན་ཉིད་རིག་པར་ལ་ག་ནཱ་ཀྱི་སྦྲུལ་དྲུག་པའོ།། སྐྱེ་ན་མེད་པར་དག་འཛིན་པར་མྱེད་དུན། ལག་ཆུད་ཀྱི་ལྷ་སྦྱང་ས་ལ་ཐུག་གོ།། ག
35b5 པ་མེད་པར་རིང་སེར་གྲོལ་བར་འདོད་ན། ལུ་གུ་རྒྱུད་ཀྱི་སྣང་བ་ལ་ཐུག་གོ།། དམིགས་པ་མེད་པར་མཚན་མའི་ཆོས་ཟིལ་གྱིས་གནོན་པར་འདོད་ན། ལུ་གུ་རྒྱུད་ཀྱི་ཡེ་ཤེས
35b6 ལ་ལྟོས་ཤིག། དུ་མ་མེད་པར་གཅིག་ལ་བལྟ་བར་འདོད་ན། ལུག་རྒྱུད་ཀྱི་སྣང་བ་ལ་ལྟོས་ཤིག། དྲན་པར་མེད་པར་ཆོས་ཀྱི་སྲུ་ལ་བལྟ་བར་འདོད་ན། ལུ་ག་རྒྱུད་དངས་པ




iiif viewer powered by OpenSeadragon

35a - 36a

Texts on this page

Gaz002.002 - nor bu phra bkod rang gi don thams cad gsal bar byed pa'i rgyud