e-texts navigator
Collection
Volume
Page
Wylie

34a1 བབསམ་མི་ཁྱབ།། མེ་རྩེ་རང་སྣང་ལྷྭམ་ཉོན།། ད་ཡོ་ཆོས་ལ་ཚིག་མེད་པས།། སྐུད་པའི་ཕྱོགས་ལ་རབྱུ་གནས་གང་།། བྱམ་ཆད་མ་ཡིན
34a2 པས།། དངོས་པོར་ཡོད་པ་ཉིད་ལས་འདས། ང་ལྔ་ཆོས་དང་སེམས་མེད་པས།། སྟོང་པ་ཉིད་དུ་བདག་མི་བལྟ།། འཛིན་ཆགས་སྤྱོད་པའི་ཡུལ་ལས་འདས།། སེམས་ལས
34a3 སངས་རྒྱས་མི་འབྱུང་བས།། འཁོར་བའི་རྩ་བ་མི་བསྒྲུབ།། ཆོས་ཀྱི་སྐུ་ལ་ཡུལ་མེད་པས།། ཁ་དོག་ལྟ་བས་སུ་ཞིག་བྱ།། རིག་པའི་སྐུ་ལ་རང་སྣང་བས།། ངོ་སྤྱོད་ཉི་ཤུས
34a4 སྲ་ཞིག་གྲོལ།། རང་རིག་སྦྲུལ་བལྟར་མེད་པས།། དྲི་མ་དག་པ་ཆེན་པོའོ།། ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། སྣང་བ་ཡེ་ཤེས་སུ་སྣང་བའི་ལེའུ་སྐྱེ་བཅུ་གཅིག་པའོ།།
34a5 དེ་ནས་ཡང་གསང་བའི་རིགས་རྡོ་རྗེ་མཁའ་འགྲོ་མས།། རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། རྫོགས་པའི་སྒྲ་ནི་བསམ་ཡས་ལ།
34a6 གཅིག་ཏུ་བསྡུ་བ་གསུང་དུ་གསོལ།། དེ་ནས་རྡོ་རྗེ་འཆང་ཆེན་དེས།། ཉེ་བའི་འཁོར་ལ་བཀའ་སྩལ་པ།། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ།། བལྟ་བ་གསང་བའི་སྔགས་བརྗོད




iiif viewer powered by OpenSeadragon

33b - 34b

Texts on this page

Gaz002.002 - nor bu phra bkod rang gi don thams cad gsal bar byed pa'i rgyud