| | e-texts navigator
|
8a1 གྱིས་མི་ཁྱབ་པའི་བྱེ་བྲག་དེ་ལྟ་བུ་ཡིན་ནོ།། དེའི་ཕྱིར་ན་འདུལ་ཐབས་ཀྱི་ཐེག་པ་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་། གསང་བ་བླ་ན་མེད་པ་འདི་ནི་འཇིག་རྟེན
8a2 འབྱུང་བར་དཀའ་འོ།། འདི་ནི་དུས་ལ་བབ་པའི་གང་ཟག་ལས་སད་པ་འགའ་ལ་སྣང་ངོ་།། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུའི་གཉེན་པོར་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱད་ཅུ་གསུངས
8a3 སོ།། འདས་པ། གསུང་ངོ་།། དལྟའི། གསུང་བར་འགྱུར་རོ།། མ་འོངས་པའི། ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། གཉིས་པ་གླེང་བསློང་བསྟན། དེ་ནས
8a4 དུར་ཁྲོད་ཆེན་པོ་མེ་རེ་འབང་བ་དེན། གཞོན་ནུ་དཔའ་བོ་སྟོབས་ལྡན་ཚྭ་པོའི་སྟེང་སྐྱབས་དང་ལྡན་པས། ཞེས་བྱ་བ་གསཔ་ལ་མི་ཏོག་པ་པཏ་བཞག་དང་བྲལ་བམཐའ་གཉིས་སུ་མེད་པའི། ཏིང་ངེ་འཛིན་ལས
8a5 བཞེངས་ནས། སརྦ་ཨ་ཀ་མ་ནི། ཐམས་ཅད་ནམམཁའ་རྣམ་པར་དག་པ། སརྦ་ཨ་ཀ་མ་ནི། ཐམས་ཅད་ནམ་མཁའ་རྣམ་པར་དག་པ། ཞེས་བྱ་བའི་སྒྲ་བརྗོད་པས། འཁོར་རྣམས་རྟོག་པ་སྐྱེས་ཏེ། དེ་རྣམས
8a6 ཀྱི་ནང་ནས་གསདུ་དག་པའི་བདག་པོ་ཕྱག་ན་རྡོ་རྗེས་བསྐོར་བ་ལན་གསུམ་བྱས་ནས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་གསང་སྔགས་བདག། འཁོར་རྣམས་རྟོག་པ
iiif viewer powered by OpenSeadragon
7b - 8b