| | e-texts navigator
|
7b1 ལ་སོགས་ཏེ་ཐུན་མོང་དང་ཁྱད་པར་གྱི་འཁོར་དཔག་ཏུ་མེད་པས་བསྐོར་བ། ཆོས་ཀྱི་གླུ་དང་། ཆོས་ཀྱི་གར་སྣ་ཚོགས་དང་། ཆོས་ཀྱི་སྐུ་སྣ་ཚོགས་སྒྲོགས་པ་བསྟན་པ་ཕུན་སུམཚོགས་པ། ཤ
7b2 སྟག་གོ།། དེ་ནས་བཅོམ་ལྡན་འདས་སྟོན་པ་ཕུན་སུམ་ཚོགས་པ། སརྦ་དྷརྨ་སྙོམས་བྱེད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་རྣམས་ཀྱི་འོག་ན་ལས་མ་དག་པའི་ཞིང་ཁམས་ཤེས་བྱ
7b3 པ་ཡོད་དེ། དེ་ན་ཡང་མི་གཙང་བའི་ཁང་པ་རྒྱ་ཁྱོན་དཔག་ཏུ་མེད་པ་ཡོད་དོ།། སེམས་ཅན་གྱི་གཟུགས་ཐ་དད་པ་སྣ་ཚོགས་དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་། ལྷ་མ་ཡིན་ལྷ་དང་ལྔའོ།།
7b4 ཡོད་དོ།། སྡུག་བརྡལ་གསུམ། ནད་ཀྱིས་བཏབ་པ་སྣ་ཚོགས་པ་ཡོད་དོ། འདི་ནས་གཞན་། སེམས་ཅན་ལུས་འཕོ་བ་དཔག་ཏུ་མེད་པ་ཡོད་དོ། གཞན་ནས་འདི་ན། ལུས་ལེན་པ་ཡང་ཡོད་དོ།། ཟས
7b5 དང་གོམ་ཀྱི་གདུང་བ་ད་པདང་མཔ། ཡང་ཡོད་དོ།། དེ་ལས་བྱུང་བའི་མདག་པའི་ཁམས་ལྔ་ཡང་ཡོད་དོ།། དེ་ན་ཉོན་མོངས་རྒྱལ་མདག་བཔས་ཅན་སྔགས་སུ་ང་།། བསྟོང་ཕྲག་བརྒྱད
7b6 ཅུ་རང་ཁ་མར་སྤྱོད་དོ།། དེ་ནི་སེམས་ཅན་ལས་མ་དག་པ་ལྷུང་བའི་གནས་ཡིན་ནོ།། དེ་ལྟ་བུའི་སྡུག་བསྔལ་དང་ལྡན་པ་དག་ཀྱང་ཡོད་དོ།། དེའི་ཕྱིར་ན་སེམས་ཅན་གྱི་ལས་བསམ
iiif viewer powered by OpenSeadragon
7a - 8a