e-texts navigator
Collection
Volume
Page
Wylie

7a1 མེད་པས་བསྐོར་བ་ཡོད་དེ། དེ་ཡང་འདི་ལྟ་སྟེ། མཁའ་འགྲོ་མ་པུ་ཎ་ཉེ་བར་ཞི་བ་དང་། ཚངས་པ་དུང་གི་མགྲིན་པ་ཅན་དང་། དྲང་སྲོང་ཟླ་འོད་གཞོན་ནུ་དང་། ཡང་འཁོར
7a2 གྱི་མཁའ་འགྲོ་མ་ཨེ་ཀ་ཛ་ཊི་སྤུན་དྲུག་དང་། དེའི་བྲན་མོ་བཅུ་བཞི་དང་། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་ཏེ། མཁའ་འགྲོ་མའི
7a3 འཁོར་དཔག་ཏུ་མེད་པས་བསྐོར་བ། བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཁྲོ་བོའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་པ། འཁོར་ཕུན
7a4 སུམཚོགས་ཏེ། དགའ་རབ་རྡོ་རྗེ་ལ་སོགས་ཏེ། མིའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་འདིས་ཞབས་སྤྲུལ་པའི
7a5 བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱེད་དོ།། ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ།། གཞལ་ཡས་ཁང་གནས་ཕྲན་སུ་མཚོགས་པ། དེ་ནི་ཤིན་ཏུ་ཡང་བ་དང་ལྡན
7a6 པའོ།། དབང་པོ་བ་མ་འི་མ་མམམ་མཛན། གང་བག་དག་ནི། ཤེས་། དེ་སྲིད་ཅིང་སྤངས་ནས་དཔ་ན་པ་དང་། སྤྲུལ་པ་སྒྲའི་ཞི་བའི་ཞིང་དུ་སྐྱེབ་གསག་གོ།། ར




iiif viewer powered by OpenSeadragon

6b - 7b

Texts on this page

Gaz002.001 - de bzhin gshegs pa thams kyi ting nge 'dzin yongs su bshad pa / ye shes 'dus pa'i mdo / theg pa chen po / gsang ba bla na med pa'i rgyud / chos thams cad kyi 'byung gnas / sangs rgyas thams cad kyi dgongs pa / gsang sngags gcig pa'i ye shes / rdzogs pa chen po'i don gsal bar byed pa'i rgyud / rig pa rang shar chen po'i rgyud