e-texts navigator
Collection
Volume
Page
Wylie

6b1 ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ།། བྱང་ཕྱོགས་ཀྱི་སྤྲུལ་པདྨའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ།། ཞིང་ཁམས་དེ་ཚེའི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད
6b2 དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དོ།། ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་འགྲམ་གཞི་བྱས་པ། ཤ་རི་རཾ་ཡོད་པས
6b3 བརྩིགས་པ་བྱས་པ། བྷན་དྷ་ལྕང་ལོ་ཅན་གྱིས་ཁ་བ་བྱས་པ། རྒྱ་དང་འཕང་དཔག་ཏུ་མེད་པ། གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླས་ཀ
6b4 གདན་བྱས་པ། ཆུ་སྲིན་ཁའི་ཀ་ཞུ་བྱས་པ། ལྷ་ཆེན་བརྒྱད་ཀྱི་གདུང་མབྲེས་པ། མཆོག་ཆེན་པོ་བརྒྱད་ཀྱི་དྲ་བ་བྱས་པ་ཡོད་དོ།། ཉིན་བཞིན་རླུང་འཚུབས་པ། མཚན་བཞིན་མེ་འབར
6b5 པ། གཞལ་ཡས་ཁང་དེའི་གྲུ་བཞིན་ཞིང་ཆེན་གྱི་གདུགས་ཕྲབ་པ། ལྷ་མོ་ལྔས་གར་བྱེད་པ། ས་གཞི་ཐམས་ཅད་ཀྱང་རཀྟའི་རྦ་ཀློང་འཁྲུགས་པའོ།། གཞལ་ཡས་ཁང་དེའི་ནང་ན
6b6 བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ་ཐུགས་ཞི་བ་ལས་མ་གཡོས་ཀྱང་། སྐྲ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ




iiif viewer powered by OpenSeadragon

6a - 7a

Texts on this page

Gaz002.001 - de bzhin gshegs pa thams kyi ting nge 'dzin yongs su bshad pa / ye shes 'dus pa'i mdo / theg pa chen po / gsang ba bla na med pa'i rgyud / chos thams cad kyi 'byung gnas / sangs rgyas thams cad kyi dgongs pa / gsang sngags gcig pa'i ye shes / rdzogs pa chen po'i don gsal bar byed pa'i rgyud / rig pa rang shar chen po'i rgyud