| | e-texts navigator
|
6a1 ཉོན་མོངས་པ་དྲུག་མེད་དོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ངརྒྱལ་དང་། ཕྲག་དོག་དང་། ཁ་བརྦ། མ་རིག་པའི་རྐྱེན་བཞི་བདག་ཉིད་གཅིག་བསྟན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས
6a2 ད་། དམ་དཔབ་རྒྱས་པ་མེད་དེ།། མྱུ་དག་པ་དང་བཅས་པ་མཚུངས་པར་ལྡན་པའི་ཡིད་ད་ང་ཏུ་ང
6a3 དེདོ། ཀུན་ཀྱང་རྣམ་པར་རྟོག་པ་དང་བྲལ་བ་ཤ་སྟག་གོ།། གཞལ་ཡས་ཁང་དང་འཁོར་གྱི་ཡོན་ཏན་ནོ།། གཞལ་ཡས་ཁང་དེའི་གྲུ་བཞིན་རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་དགུ
6a4 པ་བཞི་ཡོད་དོ།། དེའི་བར་དྲག་སེར་གྱི་དྲིལ་ཕྲ་གཡེབ་བའི་དྲ་བ་ཡོད་དོ།། དེ་རླུང་གིས་བསྐྱོད་པ་ལས་དྲིལ་བུའི་སྒྲ་སྙན་པ་སྣ་ཚོགས་འབྱུང་ངོ་།། མཆོད་རྟེན་བཞི་ལ་ནི་མཕོག་པས
6a5 འོད་ལྔའི་ཞགས་པས་སྦྲེལ་ནས་ཡོད་དོ།། ཕྱོགས་བཞིན་ན་བྱའི་བ་དན་བཞི་ཡོད་དོ།། དེ་རླུང་གིས་བསྐྱོད་པས་ཡིད་དུ་འོང་བ་དང་། མཛེས་པ་སྣ་ཚོགས་འབྱུང་ངོ་།། ཡོན་ཏན
6a6 དཔག་ཏུ་མེད་པ་དེ་ལྟ་བུ་ཡོད་དོ།། གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བཅུའི་སྟེང་ན་ཡོད་དོ།། དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གཟུགས།
iiif viewer powered by OpenSeadragon
5b - 6b