| | e-texts navigator
|
5b1 ལྟར་ཞག་རེ་རེ་ལ་ཆོས་ཐུན་བཞི་བཞིས་འཁོར་རྣམས་ཀྱི་རྒྱུད་བཀྲོལ་ལོ།། དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་སྟེ།
5b2 ལོ་ཡང་སྟོང་ཐུབ་བོ།། ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམས་པ་ཡོད་དོ། དེ་ན་བད་ཀན་ལས་གྱུར་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས
5b3 གྱུར་པ་དང་། འདུས་པ་ལས་གྱུར་པའི་ནད་མེད་དོ།། མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྒྲ་དེ་ལ་མཆོད་པ་རྒྱ་ཆེར་བྱེད་པ་ཤ་སྟག་གོ།། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཁ
5b4 དོག་ལྗང་གུ་ཤ་སྟག་སྟེ། རྟ་དང་ཞོན་པ་ཡང་ཁ་དོག་ལྗང་གུ་ཤ་སྟག་གོ།། ཁྱེའུ་དང་བུ་མོའི་གཟུགས་སུ་སྣང་བ་ཡང་ཁ་དོག་ལྗང་གུ་ཤ་སྟག་གོ།། ཀུན་ཀྱང་འདོད་པ་དང་བྲལ
5b5 ཞིང་ཚིག་ཤོས་པ་ཤ་སྟག་གོ།། ཀུན་ཀྱང་སེམས་ཀྱི་རྣམ་རྟོག་མེད་པ་ཤ་སྟག་གོ།། ཞིང་ཁམས་དེ་ན་སེམས་རྣམ་པ་གསུམ་མེད་དོ། འཛིན་པ་དང་ངས་པ་སེམས་དང་། ཇི་མདང་ཚ
5b6 དང་། མཐའ་བཞིའི་དྲི་མ་དང་བཅས་པའི་སེམས་སོ།། ཡིད་དྲུག་མེད་དོ།། ཀུན་ཏུ་འཚོལ་བའི་མིང་དང་། གཏན་ལ་འབེབས་པའི་ཡིད་དང་། ངེས་པར་འཇོག་པའི་མེད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་མིད་དང་། རྣམ་པར་འགྱུ་བ་དང་། དྲན་པ་སེམ་གྱི་ཡེ་དང
iiif viewer powered by OpenSeadragon
5a - 6a