e-texts navigator
Collection
Volume
Page
Wylie

5a1 གསེར་ལྡན་དང་། མཐིང་རི་ལ་དང་། བྱ་ཀ་ཏཱ་དང་། རྨ་བྱ་དང་། ན་ཙཱ་མི་སྐད་ཤེས་པ་དང་། ཁུ་བྱུག་དང་། ཤང་ཤང་ཏེརུ་དང་། དེ་སྐེགས་དང་།
5a2 དེ་ལ་སོགས་ཏེ་སྐད་ལྡན་པའི་བྱི་རིགས་སྟོང་ཕྲག་བརྒྱད་ཅུ་དང་། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀཱང་ཀ་རི་དང་། ཟོར་མོར་དང་། ལྦ་བ་དང་། ལྷའི་བྱ་དྲིལ་བུའི
5a3 སྐད་ཅན་དང་། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ཅན་དང་། དེ་ལ་སོགས་ཏེ་ཡིད་དུ་འོང་བ་དང་། ག་ཡུའི་མདོག་ལྟར་སྔོ་བ་དང་། དུང་གི་མདོག་ལྟར་དཀར་བ་དང་། བྱེ་རུའི
5a4 མདོག་ལྟར་དམར་བ་དང་། ཨིནྡྲ་ནཱི་ལའི་མདོག་ལྟར་མཐིང་བ་དང་། དེ་དག་ལ་སོགས་ཏེ་ཡིད་དུ་འོང་བ་དང་། སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ།། དེའི་ཕྱིན་རིན
5a5 པོ་ཆེ་སྣ་བདུན་གྱི་ལྕགསར་ཡོད་དེ། དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་མན་ཏ་ལས་གྲུབ་པའི་ཁྲི་ཆོས་བཤད་པའི་གདན་དང་བཅས་པ་ཡོད་དེ། དེར་སྤྲུལ་པའི་སྒྲ་དན་ཡོད་གྲུབ
5a6 ཞེས་བྱ་བ་ཡོད་དེ། སྲོད་ལ་གདམས་ངག་གི་ཆོས་སྟོན་ཏོ།། ནམ་ཕྱེད་ན་དབང་གི་ཆོས་སྟོན་ཏོ།། ཐོ་རངས་སྤྱོད་པའི་ཆོས་སྟོན་ཏོ།། ཉི་མ་ཕྱེད་ན་ལ། སྒོམ་གྱི་ཆོས་སྟོན་ཏོ།།




iiif viewer powered by OpenSeadragon

4b - 5b

Texts on this page

Gaz002.001 - de bzhin gshegs pa thams kyi ting nge 'dzin yongs su bshad pa / ye shes 'dus pa'i mdo / theg pa chen po / gsang ba bla na med pa'i rgyud / chos thams cad kyi 'byung gnas / sangs rgyas thams cad kyi dgongs pa / gsang sngags gcig pa'i ye shes / rdzogs pa chen po'i don gsal bar byed pa'i rgyud / rig pa rang shar chen po'i rgyud