e-texts navigator
Collection
Volume
Page
Wylie

2b1 སོལ་ལ། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཉོན་ཅིག། དེ་སྐད་ཅེས་ཡེ་ཤེས་ཀྱི་ཀློང་ཡེ་ཤེས་ཡུལ་དུ། འོད་ཀྱི་ཡུལ། རླིག་པ་ཆོས་ཉིད་ཀྱི་ཡུལ་བརྟན། རིག་པའི་གནས་ངོ་བའི་གནས།
2b2 བསྟན། སྐུའི་མཁའ། ང་བའི་སྣང་བ་བརྟན། གསུང་གཱི་ཟེར། མཛད་པའི་ཐུགས་རྗེ་བརྟན། ཐུགས་ཀྱི་དབྱིངས། རང་གི་དོན་བརྟན། ཤེས་རབ་ཀྱི་ཕོ་བྲང་ནས་རིག་པའི་གཞལ་ཡས་པང་བསྟན། འདི་སྐད
2b3 གསུངས་སོ།། འདི་སྐད་བདག་གིས་ཐོས་གསང་བའི་བདག་པོའི་སོགས་པས་ཐོས། པའི་དུས་གཅིག་ན། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། ཞིང་ཁམས་མངོན་པར
2b4 དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན། སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དམ་པ་ཐོབ་པའི་གནས
2b5 དེ་ན། གཞལ་ཡས་ཁང་ག་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་ལྔའི
2b6 བབས་དང་ལྡན་པ། ས་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ། ལྟ་ན་སྡུག་པ། ཐེམ་སྐས་དང་། སྐར་ཁུང་དང་ལྡན་པ། ཕྱོགས་བཞི་ནས།




iiif viewer powered by OpenSeadragon

2a - 3a

Texts on this page

Gaz002.001 - de bzhin gshegs pa thams kyi ting nge 'dzin yongs su bshad pa / ye shes 'dus pa'i mdo / theg pa chen po / gsang ba bla na med pa'i rgyud / chos thams cad kyi 'byung gnas / sangs rgyas thams cad kyi dgongs pa / gsang sngags gcig pa'i ye shes / rdzogs pa chen po'i don gsal bar byed pa'i rgyud / rig pa rang shar chen po'i rgyud