| | e-texts navigator
|
13b1 ངས་བསྟན་ལེགས་པར་ཡིད་ལ་ཟུང་།། བྱང་ཆུབ་སྙིང་པོ་གོལ་དང་སྒྲིབ་པ་མེད་པ་ལ།། འོན་ཀྱང་སྒྲིབ་པའི་རྣམ་པ་སོ་སོར་གསལ།། དེ་ཡང་མདོ་ཙམ་བསྣུན་གྱིས་ངེས
13b2 པར་ཡིད་ལ་ཟུ།། ཀུན་གཞི་ཆོས་སྐུར་འདོད་ན་ང་ལས་གོལ་བ་ཡིན། ཀུན་གཞི་ལ་ཆོས་སྐུ་འདོད་ན་ཡང་དག་རྫོགས་པའི་སངས་རྒྱས་མི་འབྱུང་བར་རིགས། ཅིའི་ཕྱིར་ཞེ་ན། གཞི་དེ་ངེས་པ་མེད་པའི
13b3 ཕྱིར་འོ་ན་དེ་ལྟར་མི་འདོད་དེ། ཀུན་གཞི་ལ་ཆོས་སྐུ་མི་བཏུབ། དེ་ཅིའི་ཕྱིར་ཞེ་ན། གཞི་ལ་མ་རིག་པ་ཡོད་པའི་ཕྱིར། གཞི་ལ་མ་རིག་པ་ཡོད་ན། སོལ་བ་ལ་བྱི་དོར་བྱས་ཀྱང་དཀར་པོར་མི་འགྲོ།། དེ་བཞིན་དུ་འབད་པ་དགོས
13b4 པ་མེད་པར་འགྱུར་རོ།། སངས་རྒྱས་ཀྱི་འབྲས་བུ་མི་ཐོབ་པའི་ཕྱིར།། སེམས་ལ་སངས་རྒྱས་འདོད་ནང་ལས་གོལ་བ་ཡིན། སེམས་ནི་བག་ཆགས་ཐམས་ཅད་སྲུང་སངས་རྒྱས་ལ་བག་ཆགས་མེད་པའི་ཕྱིར།།
13b5 བསྒོམ་པ་ཡུལ་ཅན་འདོད་ན་རྫོགས་ཆེན་བསྒོམ་དུ་འདོད། ང་ལས་གོལ་བ་ཡིན།། ཆོས་སྤྱོད་རྟོག་པས་འཛུད་པ་ང་ལས་གོལ་བ་ཡིན།། ས་ལམ་འབྲས་བུ་འདོད་པ་ལས་གོལ་བ
13b6 ཡིན།། སྟོང་པའི་ཡུལ་ལ་ཞེན་པ་ཀྱང་སེམས་ཐེག་པ། ང་ལས་གོལ་བ་ཡིན།། མཚན་བཅས་གཞན་འབྱུང་བསྒོ་མཀྲིལ་པ་ང་ལས་གོལ་བ་ཡིན།། རྟོག་པ་ལམ་དུ་ཁྱེར་ན་ཨུབ
iiif viewer powered by OpenSeadragon
13a - 14a