| | e-texts navigator
|
273b1 སྐད་དུ། ཨཱ་རུ་ཀོའུ་ཤི་ཀ་པྲཛྙཱ་པཱ་ར་མི་ཏཱ། འོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཀོའུ་ཤི་ཀ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
273b2 འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ
273b3 འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་གཞོན་ནུར་གྱུར་དྲི་ཤ་སྨ་ག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། ལྕེའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ།
273b4 ཀོའུ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་སུ་བལྟ་བར་མི་བྱ། གཉིས་མ་ཡིན་པར་ཡང་མ་ཡིན། མཚན་མར
273b5 མ་ཡིན། མཚན་མར་མ་ཡིན་པར་ཡང་མ་ཡིན། བླང་བར་ཡང་མ་ཡིན། དོར་བར་མ་ཡིན། བསྣུན་པར་མ་ཡིན། བསྣུན་པ་མེད་པར་མ་ཡིན། ཀུན་ནས་ཉོན་མོངས་པར
273b6 མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན་པར་ཡང་མ་ཡིན། རྣམ་པར་བྱང་བ་མ་ཡིན། རྣམ་པར་བྱང་བའང་མ་ཡིན་པར་ཡང་མ་ཡིན། སྤང་བར་མ་ཡིན། སྤང་བ་མ་ཡིན་པར
273b7 ཡང་མ་ཡིན། གནས་སུ་མ་ཡིན། གནས་མ་ཡིན་པར་ཡང་མ་ཡིན། སྦྱོང་བར་མ་ཡིན། སྦྱོང་བ་མ་ཡིན་པར་ཡང་མ་ཡིན། འབྲེལ་བར་མ་ཡིན། འབྲེལ་བ་མ་ཡིན་པར
iiif viewer powered by OpenSeadragon
273a - 274a