| | e-texts navigator
|
211b1 བྱུང་བ་མི་དམིགས་དུས་གསུམ་དག་པ་སྟེ། གང་དག་དེ་ནི་འདུས་མ་བྱས་ཡི་སྤྲོས་མེད་དེ།། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། བྱང་ཆུབ་སེམས་མཁས་རིག་པ་དང་།
211b2 ཀཽ་དུས་ཀྱི་ཚེ།། སྐྱེ་མེད་རྣམ་པར་བསམས་ཏེ་འདི་ལྟར་སྤྱོད་བྱེད་ཅིང་།། སྙིང་རྗེ་ཆེན་པོ་སྐྱེད་ཀྱང་སེམས་ཅན་འདུ་ཤེས་མོད།། འདི་ནི་ཤེས་རབ་པ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།
211b3 གལ་ཏེ་སེམས་ཅར་འདུ་ཤེས་སྡུག་བསྔལ་འདུ་ཤེས་སྐྱེད།། འགྲོ་བ་རྣམས་ཀྱི་དོར་བྱ་སྡུག་བསྔལ་སྡང་སྙམ་སྟེ། བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་སྟེ།
211b4 འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས།། སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས།། སྐྱེ་བ་མིང་དང་།
211b5 སྐྱེ་བ་གཉིས་ཀར་མི་རྟོག་པ།། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།། འཇིག་རྟེན་དགྲ་ན་ཆོས་མིང་ཇི་སྙེད་ཡོངས་རྗོད་པ།། ཀུན་ལ་སྐྱེ་བ་དང་ནི་ཡང་དག་འདས་སྤངས
211b6 ནས། ཡེ་ཤེས་འཆི་མེད་དམ་པ་དེ་ལས་གཞལ་མེད་འཐོབ།། དེ་ཕྱིར་འདི་ནི་ཤེས་རབ་ཕ་རོལ་ཕྱིན་ཅེས་བྱ།། བྱང་ཆུབ་སེམས་དཔའ་གང་ཞིག་དོགས་མེད་དེ་ལྟར་སྤྱོད།། ཤེས
211b7 རབ་ལྡན་དེ་མཉམ་འདི་གནས་པར་ཤེས་པར་བྱ།། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ།། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།། གང་ཞིག་གཟུགས
iiif viewer powered by OpenSeadragon
211a - 212a