| | e-texts navigator
|
210b1 གཞག་ཅེའམ་ལངས་ཤེས་རློམ་སེམས་མེད།། ཅིའི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར།། དེ་ལྟར་སྤྱོད་ན་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད།། དེས་ནི་སྤྱོད་མེད་སྤྱོད་པ
210b2 ཡིན་པར་རབ་ཤེས་ཕྱིར།། ཆོས་གང་སྤྱོད་པ་དེ་ཡང་དམིགས་པར་མི་འགྱུར་ཏེ།། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན།། གང་ཞིག་ཡོད་པ་མ་ཡིན་དེ་ནི་མིད་ཅེས་བྱ།
210b3 བྱིས་པ་རྣམས་ཀྱིས་དེ་བརྟགས་ཡོད་དང་མེད་པར་བྱེད།། ཡོད་དང་མེད་པ་འདྲི་གཉིས་མེད་པའི་ཆོས་ཡིན་ཏེ།། བྱང་ཆུབ་སེམས་དཔའ་གང་གིས་འདྲི་ཤེས་ངེས་པར་འབྱུང་།། གང་འདིར
210b4 ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་།། སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ།། སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ།། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ
210b5 ཡིན།། དགེ་བོའི་བཤེས་དང་ལྡན་ཞིང་ལྷག་མཐོང་ལྡན་གྱུར་པ།། རྒྱལ་བ་རྣམས་ཀྱི་ཡུམ་མཐུས་སྐྲག་པར་ཡོངས་མི་འགྱུར།། གང་ཞིག་སྡིག་པའི་གྲོགས་ལྡན་གཞན་གྱི་དྲིང་མི་འཇོག
210b6 དེ་ནི་སྣོད་སོ་མ་བཏང་ཆུ་རེག་ཞིག་པ་བཞིན།། ཅི་ཕྱིར་འདྲི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན།། ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་དད་པར་འདོད།། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས།།
210b7 མེད་གྱུར་ལ་རེག། དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་བོ།། ཅི་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན།། སེམས་ཅན་ཚོགས་མང་པོ་ཡི་མཆོག་ཏུ་གྱུར་པ་དང་།། སེམས
iiif viewer powered by OpenSeadragon
210a - 211a