e-texts navigator
Collection
Volume
Page
Wylie

210a1 ཤེས་རབ་སྤྱོད།། གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད།། དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་པ་མིན།། དེ་ཆོས་ཀུན་ལ་མི་གནས
210a2 གནས་པ་མེད་པར་སྤྱོད།། ཡོངས་སུ་གཟུང་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་འཐོབ།། ཇི་ལྟར་ཀུན་ཏུ་རྒྱུ་བ་བཟོ་སྦྱངས་ཤེས་པ་ཡིས།། དམིགས་མེད་ཕུང་པོ་རྣམ་པར་འཇིག་པར
210a3 འབྱུང་བ་ལྟར།། བྱང་ཆུབ་སེམས་དཔའ་གང་ཞིག་ད་ལྟར་ཆོས་ཤེས་པ།། མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས།། ཡང་འདི་ཤེས་རབ་འདི་ནི་གང་ཡིན་སུ་ཡི་ཡིན།། གང་ལས
210a4 ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་པར་རྟོག། ཉེ་བར་བརྟགས་ནས་ཞུམ་པ་མེད་ཅིང་སྐྲག་མེད་པ།། བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ཉེ་བ་ཡིན།། གལ་ཏེ་མི་ཤེས་བཞིན་དུ
210a5 གཟུགས་སུ་འདུ་ཤེས་ཤིང་།། ཚོར་བ་སེམས་པ་རྣམ་ཤེས་ཕུང་པོར་སྤྱོད་བྱེད་ན།། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི།། མཚར་མ་ལ་སྤྱོད་སྐྱེ་མེད་གནས་ལང།།
210a6 མ་ཡིན།། གང་ཞིག་གཟུགས་མིན་ཚེར་མིན་འདུ་ཤེས་སེམས་པ་མིན།། རྣམ་པར་ཤེས་ལ་མི་སྦྱོང་གནས་པ་མེད་པར་སྤྱོད།། དེ་ནི་སྤྱོད་ཅེས་བྱ་བར་མི་དམིགས་ཤེས་རབ་བརྟན
210a7 མེད་བློ་ལྡན་ཏིང་འཛིན་ཞི་བ་མཆོག་ལ་རེག། བྱང་ཆུབ་སེམས་གང་དེ་ལྟར་འདིརི་བདག་ཞིར་གནས་པ།། དེ་ནི་སྔོན་གྱི་ངོ་བཞིན་གཤེགས་པས་ལུང་བསྟན་ཡིན།། བདག་ནི་མཉམ་པར




iiif viewer powered by OpenSeadragon

209b - 210b

Texts on this page

Ty110-004 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa