e-texts navigator
Collection
Volume
Page
Wylie

181b1 ངས་བྱིན་གྱིས་རློབ་པ་ན་སྟོང་གསུམ་ཅི་སྣོ་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དས
181b2 གཞོན་ནུར་བྱུར་བས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་འདི་ནི་དེ་བཞིན་དུ་ཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབས་པའི་སྔ་ལྟས
181b3 ལགས་ཀྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དྲི་དེ་བཞིན་ནོ།། འདམ་དཔལ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདྲི་བྱིན་གྱིས་བརླབས་པ
181b4 སྔ་ལྟས་རྣམས་ཏེ། ལྕེས་འདི་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱིན་གྱིས་བརླབས་པར་ཤེས་པར་བྱའོ།། འཇམ་དཔལ་གང་དག་ཆོས་གང་ཡང་མི་སྤོང་ཞིང་མི་རྟོག་ལ
181b5 བསྔགས་པར་ཡང་མི་བྱེད་པ་དེ་དང་དེ་དག་ནི་ཕྱག་རྒྱ་འདིས་བཏབ་པར་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དམིགས་པ་ཡོད་ན་སྤོང་བར་བྱེད་པ་དང་། བསྔགས་པར
181b6 བྱེད་པར་འགྱུར་བའི་ཕྱིར་རོ།། འཇམ་དཔལ་དེ་ལྷ་བསྣུ་ན་གུང་དག་རྒྱ་འདིས་བཏབ་པ་དེ་དག་གི་ཚོང་དུ་ངས་རྒྱ་འདི་བཞག་སྟེ། འདི་ལྟར་དེ་དག་གིས་ཐོས་ནས་ཀྱང་ཆོས་གང་ཡང་སྔོན
181b7 པ་འམ། རྣམ་པར་རྟོག་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ




iiif viewer powered by OpenSeadragon

181a - 182a

Texts on this page

Ty110-002 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo