e-texts navigator
Collection
Volume
Page
Wylie

181a1 མོས་ནས་ཀྱང་འཛིན་པ་རླུང་། ཀུན་ཆུབ་པར་བགྱིད་བདུད་འཆུང་བའི་བར་དུ་བགྱིས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས། བདག
181a2 གྲི་འདི་ནི་ལྷས་བསྒྲུབས་པའོ་ཞེས་ཐེ་ཙོམ་མ་མཆིས་པར་འཚལ་བར་བགྱིའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད
181a3 ཅེས་བཀའ་སྩལ་ཏོ།། ཀོའུ་ཤི་ཀ་དེ་དེ་བཞིན་ནོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ལ། སངས་རྒྱས་ཀྱི་ཆོས་ཐམ་ཅད་འགྲུབ་པར་བལྟའོ།། དེ་དག་བླ་ན་མེད
181a4 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའང་ངེས་པར་ཤེས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་རུར་གྱུར་པས་འདི་སྐད་ཅེས་གསོལ
181a5 ཏོ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གི་དོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབ་ཏུ་གསོལ། བདེ་བར་གཤེགས་པས།
181a6 བྱིན་གྱིས་བརླབ་ཏུ་གསོལ་ཚིག་འདི་སྨྲས་མ་ཐག་ཏུ་དེའི་ཚེ་སྐད་ཅིག་དེ་ཉིད་ལ་སངས་རྒྱས་ཀྱི་མཐུས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། གས་ཆེན་པོ་གཡོས་མ་ཐག་ཏུ
181a7 དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ།། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་ཏུ་དེ་ནས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་དེ་བཞིན་གཤན།




iiif viewer powered by OpenSeadragon

180b - 181b

Texts on this page

Ty110-002 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo