e-texts navigator
Collection
Volume
Page
Wylie

177b1 འདུ་འགྱུར་བ་མེང་དོ་ཟླས་བརྗོད་པར་བཞིའོ།། དེ་ཅིའི་སླད་དུ་ཞེན། བཅོམ་ལྡན་འདས་འདི་ལྟར་སེམས་ཅན་ཤིན་ཏུ་མི་དམྱིགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་ད་སྐར
177b2 འདྲིར་བདག་གིས་དེ་སྐད་ཅེས་བགྱིའོ།། བཅོམ་ལྡན་འདས་གཞན་བདག་གི་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འཚུལ་ཏྲཱཾ། དེང་ཁྱེད་བཅོམ་ལྡན
177b3 འདུས་དང་གཏམ་ཅི་ཞིག་བྱས་ཤེས་འདྲིན། དེ་ལ་བདག་གོས་དེ་སྐད་དུ། གལ་ཏེ་ཁྱོད་དྲི་ཉན་པར་འདོད་ན། དེ་མཉན་ཏོ་སྙམ་དུ་ཡིད་མ་གཏོད་ཅིག། མཉོན་ཏོ་སྙམ་དུ་སམས
177b4 མ་སྐྱེད་ཅིག། ཀྱེ་སྐྱེས་བུ་སྒྱུ་མའི་སྐྱེས་བུའི་ཤེས་རབ་ཅི་འདྲ་བ་དེ་ལྟ་བུ་ནི་ཤེས་རབ་སྤྱོད་ཅིག། དེ་ལྟ་བུས་ཆོས་བསྟན་པ་འདི་ཤེས་པར་ནུས་སོ།། ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཀྱིས
177b5 ཆོས་བསྟན་པ་འདི་མཉན་པར་འདོད་ནི། དེའི་ཕྱིར་འདི་ལྟ་སྟེ། དཔེར་ན་ནམ་མཁྲའ་ལ་བྱའི་རྗེས་ལྟ་བུར་གནས་པར་གྱིས་ཤིག། དེ་ལྟ་བུས་ཆོས་བསྐྲུན་པ་འདི་མཉན་པར་རུས
177b6 སོ།། ཀྱེ་སྐྱེས་བུ་གལ་ཏེ་ཁྱོད་ཀྱིས་ཆོས་བསྟན་པ་འདི་མཉན་པར་འདོད་ན་དེའི་ཕྱིར་གཉིས་ལམ་དམིགས་ཤིགས། མི་གཉིས་པ་ལའང་མ་དམིགས་ཤིག། དེ་ཅིའི་ཕྱིར་ཞེ་ན
177b7 འདི་ལ་གཉིས་སུ་བརྗོད་པར་བྱ་བ་ཡོངས་སུ་བརྗོད་པ་འམ། མི་གཉིས་པར་བརྗོད་པར་བྱ་བ་གང་ཡང་མེད་པའི་ཕྱིར་རོ།། གལ་ཏེ་ཆོས་བསྟན་པ་འདི་མཉན་པར་འདོད་ན་བདག




iiif viewer powered by OpenSeadragon

177a - 178a

Texts on this page

Ty110-002 - 'phags pa shes rab kyi pha rol tu phyin pa bdun brgya pa zhes bya ba theg pa chen po'i mdo