| | e-texts navigator
|
177a1 དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེར་མ་གང་ལ་ལ་བདག་ལ་འདི་སྐད་དུ། དེང་དེ་བཞིན་གཤེགས་པའི་ཆོས་ཀྱི་གཏམ་མཛད་པ་དེ་གང
177a2 ཡིར་ཞེས་མཆིས་ན། བཅོམ་ལྡན་འདས་དེ་སྐད་འདྲི་བ་དང་། བདག་གིས་འདི་སྐད་དུ། ཆོས་ཐམས་ཅད་དང་མི་འགལ་བའི་གཏམ་མོ་ཞེས་བརྗོད་པར་བགྱིའོ།། དེ་ཅིའི་ཕྱིར
177a3 ཞེ་ན་བཅོམ་ལྡན་འདས་གང་སྐྱེ་བ་མ་མཆིས་པ་དང་འགལ་བའི་ཆོས་དེ་གང་ཡང་མ་མཆིས་ཏེ། བཀའ་མཆིད་དེ་ནི་སེམས་ཅན་གང་གིས་ཀྱང་འཚུལ་བར་སླ་བ་མ་ལགས་སོ།།
177a4 ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་ཅན་གང་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ།། བཅོམ་ལྡན་འདས་གཞན་ཡང་བདག་གིས་དེ་ལ་འདི་སྐད་དུ། མི་སྐྱེ་བ་ཞེས་བྱ་བ
177a5 ཆོས་དེ་བསྟན་པར་གྱུར་ཏོ་ཞེས་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་སྐྱེ་བ་མ་མཆིས་པར་མཉམ་པའི་སླད་དུའོ།། བཀའ་མཆིད
177a6 དེར་ནི་ཇི་ལྟར་དགྲ་བཅོམ་པའི་ཆོས་རྣམས་ཀྱིས་སོ་སོའི་སྐྱེ་བོའི་ཆོས་དེ་དག་རྣམ་པར་བཤིག་པ་མ་ལགས་པ་དགྲ་བཅོམ་པ་རྣམས་ཀྱི་གོང་མ་རྟོགས་པ་མ་བསྟན་ཏོ།། བཅོམ་ལྡན
177a7 འདས་གཞན་ཡང་དེ་ལ་བདག་གིས་འདི་སྐད་དུ། ཆོས་བསྟན་པ་འདི་ལ་སེམས་ཅན་གང་ཡང་མྱ་ངན་ལས་འདས་པ་དང་། མྱ་ངན་ལས་འདའ་བ་དང་། མྱ་ངན་ལས་འདའ
iiif viewer powered by OpenSeadragon
176b - 177b