e-texts navigator
Collection
Volume
Page
Wylie

84a1 པ་ཡིན། ཁྱོད་ནི་རྣམ་པར་གནོན་པ་ཡིན། ཁྱོད་ནི་རིན་པོ་ཆེའི་འབྱུང་གནས་ཡིན། ཁྱོད་ནི་བདེན་པ་ཉིད་ཡིན། ཁྱོད་ནི་གཟུགས་སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི
84a2 མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན་ནོ།། ཁྱོད་ཀྱི་མིང་འདི་དག་མཁས་པ་དག་གིས་ཐོས་ན། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར
84a3 རོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་འཆི་བའི་དུས་ཀྱི་ཚེ་མདུན་ན་བཞུགས་ཤིང་དེ་དག་དེ་ལ་ཆོས་སྟོན་པར་མཛད་དོ།། ཆོས་བསྟན་པ་དེས་ན་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི
84a4 ནང་དུ་སྐྱེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་གནས་པར་འགྱུར་རོ།། ན་མོ་བུདྡྷ་སྱ། ན་མོ་དྷརྨ་སྱ། ན་མཿསཾ་གྷ་སྱ། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ཨནྟེ།
84a5 མནྟ་། ཁ་རནྟེ། སོ་མོ་སོ་མེ་སུ་ཁི། ཧི་རོ་ཧི་རི། མི་རི་ཀི་རི། བྷི་རོ་བོ་ས་ནི་སདྡྷནྶ། སརྦ་ཀཨཱརྱ་ཎི། སཱ་དྷ་ཡ་མནྟ་པཱ་པ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན
84a6 འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་སོ།། འདི་ལྟར་གསང་བ་ཆེན་པོ་བཀའ་སྩལ་པ་གང་ལགས་པ་དེ་ནི་ལེགས་ཏེ། བཅོམ་ལྡན་འདས་དེ་དེ་ལགས་སོ།། དེ་དེ་ལགས་ཏེ།
84a7 བཅོམ་ལྡན་འདས་རིག་པ་མཆོག་སྒྲུབ་པ་ན་བཟླས་བརྗོད་བགྱིད་པ་དང་སྒྲུབ་པའི་ཚེ་མཆོད་པ་བགྱིས་ལ་མིང་བརྒྱད་པ་བཀླག་པར་བགྱིའོ།། བཀླགས་ན་བདག་བསྟོད་པར་འགྱུར་ཏེ། དགའ་ནས་དངོས་གྲུབ




iiif viewer powered by OpenSeadragon

83b - 84b

Texts on this page

Ty073-005 - 'phags pa lag na rdo rje mtshan brgyad pa gsang sngags dang bcas pa