| | e-texts navigator
|
83a1 ཨོཾ་མུ་ཙི་ལི་སྭཱ་ཧཱ། མུ་ཁ་སེ་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དནྟི་རི་སྭཱ་ཧཱ། ཆོ་ག་ནི་ཆུ་ཁྱོར་བ་གང་ལ་བཟླས་པ་བྱས་ཏེ་འཐུངས་ནས་སེམས་བཞིན་དུ་ཉལ་ན་ལག་ན་རྡོ་རྗེས་རྨི་ལམ་བསྟ།
83a2 པར་འགྱུར་རོ།། རྨི་ལམ་མཐོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། ། འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱད་པ་གསང་སྔགས་དང་བཅས་པ།
83a3 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། བཅོམ་ལྡན་འདས་གང་ན
83a4 དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་གསང་བ་དང
83a5 བཅས་པ། གསང་ཆེན་དང་བཅས་པ་བདག་གིས་བཤད་ལགས་ཀྱིས། བཅོམ་ལྡན་འདས་རྒྱལ་པོའི་ཕོ་བྲང་ལུང་ལོ་ཅན་དུ་མཆིས་ལ་སེམས་ཅན་རྣམས་གདུལ་བར་འཚལ་ལོ།། དེ་སྐད་ཅེས་གསོལ་ན།
83a6 བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་གང་ཁྱོད་ཀྱིས་རིག་པ་མཆོག་གོ་ཆོ་ག་རྒྱས་པ་ཆེན་པོ་འདི་བཤད་པ་ནི་ཁྱོད་གཏུམ་པ་ཡིན།
83a7 བསྟེན་པར་དཀའ་བ་ཡིན། ཤིན་ཏུ་ཐུབ་པར་དཀའ་བ་ཡིན་ཀ་འཕགས་པའི་ཚུལ་མེད་པ་ཡིན་ཏེ། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པ་མཆོག་གི་ཆོ་ག་རྒྱས་པ་ཆེན་པོ་བཤད་པ་གང་ཡིན་པ་དེ་དག་ཐམས
iiif viewer powered by OpenSeadragon
82b - 83b