e-texts navigator
Collection
Volume
Page
Wylie

82b1 ཚེ་བདུན་སྟོང་སྦྱིན་པར་བྱེད་དོ།། རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ།། སྒོ་ལྕགས་དབྱེ་བར་འདོད་ན་ཉུངས་ཀར་གྱིས་བྱའོ།། འཇིགས་པ་ཐམས་ཅད་ལས་སྲུང་བའི
82b2 ལས་ནི་མར་རྙིང་པའམ། ཐལ་བའམ། ཡུངས་ཀར་གྱིས་བྱའོ།། ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལས་སྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི
82b3 མཆོག་ཏུ་འགྱུར།། བྱིས་པ་གདོན་གྱིས་ཉེན་པ་ཐམས་ཅད་ལ་ནི་ཚོན་སྣ་ལྔའི་སྐུད་པ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།། ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ།། དུས
82b4 ལ་ནི་རྩ་ཀུ་ཤས་བྱ་བ་པར་བྱའོ།། བདག་སྲུང་བ་ལ་ནི་ཡིད་ཀྱིས་སམ་ཆུས་བྱའོ།། གཞན་སྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ལས་དེ་ཐམས་ཅད་ལ་སྔགས་བརྗོད་པ་ནི་སྔགས་ལན་གསུམ་མམ།
82b5 བདུ་ན་ན་མ། བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ།། མཆོད་རྟེན་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོས་མཆོད།
82b6 དེ་སྔགས་སྟོང་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ།། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛྙཱ་ན
82b7 གརྦྷ་དང་། ལོ་ཙ་བ་བནྡེ་ཀླུའི་དབང་པོས་བསྒྱུར།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ།།




iiif viewer powered by OpenSeadragon

82a - 83a

Texts on this page

Ty073-003 - 'phags pa lag na rdo rje gos sngon po can gyi cho ga zhes bya ba'i gzungs
Ty073-004 - rmi lam mthong ba zhes bya ba'i gzungs