e-texts navigator
Collection
Volume
Page
Wylie

81b1 ལག་ན་རྡོ་རྗེ་གོས་སྔོན་པོ་ཅན། སངས་རྒྱས་གདྷཱའི་ཀླུང་གི་བྱེ་མ་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ། མཆེ་བ་གཙིགས་པ་དང་འཚམ་པ། མིག་མེ་མངག་གི་ཕུང་པོ་འདྲ་བ
81b2 དབུགས་མེ་ལྕེ་ལྟར་འབར་བ། འཇིགས་པའི་ང་ར་ཅན། ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ། ཀླུ་དགའ་བོ་དང་ཉེ་དགའ་བོ་འབར་བས་ནཱ་ན
81b3 བྱས་པ། སྦྲུལ་འབར་བའི་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟབ། བཞིན་རྒྱས་པ། སྨིན་མ་དང་དཔྲལ་བ་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེ།
81b4 ཆ་བྱད་ཅན། ལྕེ་གློག་ལྟར་འགྱུ་བ། གསོས་པོ་ཆེ་སྦྲུལ་ཟ་བ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོག་པར་བྱེད་པ། རྒྱ་མཚོག
81b5 ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་རྐང་པའི་པུས་མོར་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་བསྐུར་བ། ཀླུ་ཐམས་ཅད་རླག་པར་བྱེད་པ། གད་རྒྱངས་ཆེན་པོ་སྒྲོགས་པས་ཀུན་ཏུ་འཁྲུགས་པར་བྱེད
81b6 ག་གཤིན་རྗེའི་གཟུགས་ཅན། ཁམས་གསུམ་པ་འཇིགས་པར་བྱེད་པ། ཀླུ་རྣམས་འཆི་བར་རྙེད་པ་ལ་ཕྱག་འཚལ་ལོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེམ་མེད་ཀྱིས
81b7 གསུངས་པའི་རིག་སྔགས་འདི་བརྗོད་པར་བྱའོ།། ཏདྱ་ཐཱ། བྷོ་བྷོ་པན་ནཱ་ག། ཨ་དྷི་པ་ཏ་ཡེ། ཨི་དན་ནི་ལཱ~ཾ་བར་དྷ་ར་ག་རཱི་ར། བཛྲ་པཱ་ཎི་ཧྲྀ་ད་ཡན། ཡ་ས་མཱ་ཏི། ཀྲ་མ་ཐ། ཨུཏས




iiif viewer powered by OpenSeadragon

81a - 82a

Texts on this page

Ty073-003 - 'phags pa lag na rdo rje gos sngon po can gyi cho ga zhes bya ba'i gzungs