| | e-texts navigator
|
421b1 རལ་གྲི་གཞུ་དང་བེ་ཅོན་དང་།། འཇིགས་པའི་གཟུགས་ཅན་མཚོན་ཆ་ཀུན་ཐོགས་དང་།། གཞན་དག་གིས་ནི་ཞི་བ་ཉིད་དུ་མཐོང་།། དུ་མའི་སྐུ་མངའ་དམིགས་མེད་སྐུ་མངའ་བར།། ལྷ་དང་གནོད
421b2 སྦྱིན་གྱིས་མཆོད་དེ་ལ་འདུད།། ལྷ་མིན་ལྷ་ཡིས་ཞབས་ལ་ཕྱག་བགྱིས་པ།། བྱང་ཆུབ་སེམས་དཔའ་མཆོག་ལ་ཕྱག་འཚལ་འདུད།། རིག་པའི་དབང་ཕྱུག་གཞུ་འགེངས་ཁྱོད་ལ་འདུད།། ཁྱོད
421b3 ལ་བདག་ཅག་ཐམས་ཅད་ཕྱག་འཚལ་འདུད།། ཁྱོད་ལ་བདག་ཅག་དེང་ནས་སྐྱབས་སུ་མཆི།། ཁྱོད་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ།། མི་ཡིས་ལེགས་པར་སྤྱད་པར་བགྱིས་ནས་ནི།
421b4 དག་མྱུར་དུ་དབུལ་བའི་མུར་བསལ་ནས།། ཉི་མ་བཞིན་དུ་ཤིན་ཏུ་རབ་འབར་གྱུར།། ཡན་ལག་མི་ཉམས་སེམས་ཀྱང་མི་ཉམས་ཤིང་།། ནད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ།།
421b5 ལ་དད་པའི་མིས་ནི་ཐོབ་པར་འགྱུར།། དེ་སྐད་ཀུན་གྱིས་ཚིག་ཏུ་སྨྲས་ནས་ཀྱང་།། རྡོ་རྗེ་འཛིན་ལ་ཡང་ཡང་ཕྱག་འཚལ་ཏེ།། གཞལ་མེད་ཁང་དུ་མངོན་པར་ཞུགས་ནས་ཀྱང་།། ཇི་ལྟར་འོངས
421b6 པའི་ནམ་མཁའི་ལམ་ནས་དོང་།། ལྷ་རྣམས་དོང་ནས་ཕྱག་ན་རྡོ་རྗེ་ཡོས།། དཔུང་བཟང་ལ་ནི་ཚིག་ཏུ་ཡང་གསུངས་པ།། ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱིས།། ཁྱོད་ཀྱིས་འཇིག་རྟེན་འདིར
421b7 ནི་གྲགས་པར་གྱིས།། དེ་སྐད་གསུངས་ནས་དཔུང་བཟང་དེ་ཡིས་ནི།། ལངས་ཏེ་གུས་པར་རབ་ཏུ་ཕྱག་འཚལ་ནས།། གཙང་བྱེད་སྡིག་འཇོམས་དཔལ་ཡོན་ལྡན་པ་འདི།། མི་ཡི་འཇིག་རྟེན
iiif viewer powered by OpenSeadragon
421a - 422a