e-texts navigator
Collection
Volume
Page
Wylie

148b1 འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ།། ལག་ན་རྡོ་རྗེས་གསོལ་པ། སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང
148b2 དག་པར་རབ་ཏུ་སྟོན་པས་བསོད་ནམས་ཀྱི་ཕུང་པོ་ཅི་ཞིག་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལའང
148b3 རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ནི་ཏིང་ངེ་འཛིན་བྱེ་བ་འཐོབ་པར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་བྱེ་བ་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ
148b4 པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་ནས། བསམ་པ་རྒྱ་ཆེན་པོས་བསྟི་སྟང་བྱེད་པར་འགྱུར་རོ།། བླ་མར་བྱེད་པར་འགྱུར་རོ།། རིམ
148b5 གྲོར་བྱེད་པར་འགྱུར་རོ།། མཆོད་པར་བྱེད་པར་འགྱུར་རོ།། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་འབུལ་ལོ།། བྱང་ཆུབ་སེམས་དཔའ་ལའང་བདེ་བར
148b6 སྦྱར་བ་སྒྲུབ་བོ།། དགེ་འདུན་གྱི་ཚོགས་ལའང་རིམ་གྲོ་བྱེད་པར་འགྱུར་རོ།། དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ།། དེ་བཞིན་གཤེགས་པ་དགྲ་བཅོམ
148b7 པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བསྙེན་བཀུར་བྱེད་པར་འགྱུར་རོ།། དེ་དག་གིས་ཆོས་བསྟན་པ་དེ་ལའང་བསྟི་སྟང་དུ་བྱས་ཏེ་ཉན་ཏོ།། འཛིན་ཏོ།། ཀློག་གོ།། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཇི




iiif viewer powered by OpenSeadragon

148a - 149a

Texts on this page

Ty073-013 - 'phags pa stobs po che zhes bya ba theg pa chen po'i mdo